ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༄༅༎སྙན་བརྒྱུད་བྱམས་མ་རྕ་བའི་སྙིང་ཐིག་དབུ་ཕྱོགས་བཞུགས་སོ་། | 2015/2/28 20:14:00
༄༅༎ཨོྃ་སྨྲ་བསམ་བརྗོད་མེད་མ་བཅོམ་མཉམ་པ་ཉིད།ཤེས་རབ་ཕར་ཕྱིན་ཡུལ་ལ་ཕྱག་འཚལ་ལོ།སེམས་བསྐྱེད་ནི།ཨོྃ་རྗེ་བཙུན་བྱམས་མ་དགོངས་སུ་གསོལ།མཐའ་ཡས་སེམས་ཅན་ཐམས་ཅད་ཀུན།འདི་ནས་སངས་རྒྱས་འབྲས་ཐོབ་པར།རྒྱལ་བ་སྲས་བཅས་སེམས་བསྐྱེད་བཞིན།བདག་ནི་བྱང་ཆུབ་སེམས་བསྐྱེད་དོ།སྐྱབས་སུ་འགྲོ་བ་ནི།ཨོྃ་རྗེ་བཙུན་བྱམས་མ་རྣམས་ལ་སྐྱབས་སུ་མཆིའོ།དུས་གསུམ་སངས་རྒྱས་རྣམས་ལ་སྐྱབས་སུ་མཆིའོ།ཚད་གསུམ་ལུངས་རྟོགས་རྣམས་ལ་སྐྱབས་སུ་མཆིའོ།བསླབ་གསུམ་སེམས་དཔའ་རྣམས་ལ་སྐྱབས་སུ་མཆིའོ།སྡིགས་བཤགས་ནི།ཨྰྃ་སྐུ་ལྔ་རྗེ་བཙུན་ཀུན་གསལ་བྱམས་མ་ལ།དུག་ལྔ་རང་ཁར་སྤྱོད་པ་མི་དགེའི་ལས།སྒོ་ལྔ་དངོས་སྤྱོད་གཞན་སྐུལ་རྗེས་ཡི་རང།དབང་ལྔ་རྩེ་གཅིག་མ་ལུས་བཤགས་ཤིང་སྡོམ།མནྜལ་འབུལ་བ་ནི།ཨྰྃ་སྟོང་གསུམ་རི་གླིང་གསེར་གྱི་མནྜལ་འདི།ལྷ་མིའི་ལོངས་སྤྱོད་མཆོད་སྤྲིན་ཡོངས་སུ་བཀང།ཡུལ་མཆོག་བཞི་ལ་ཆགས་མེད་དད་པས་ཕུལ།འགྲོ་ཀུན་དཔལ་འབྱོར་ཕུན་ཚོགས་ཞིང་བཀོད་ཤོག།གསོལ་བ་འདེབས་པ་ནི།ཨེ་མ་ཧོ།རྗེ་བཙུན་སྐུ་ལྔ་བྱམས་མ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།འཇིགས་པ་བརྒྱད་སྐྱོབས་བྱམས་མ་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།མདོ་འབུམ་བྱམས་མ་བཅུ་དྲུག་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།རྣམ་དག་བྱམས་མ་སོ་གཉིས་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།ཕྲིན་ལས་བྱམས་མ་ང་གཉིས་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།བྱམས་ཆེན་བརྒྱ་དང་རྩ་བརྒྱད་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།བྱམས་ཆེན་སུམ་བརྒྱ་དྲུག་བཅུ་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།བྱམས་སྲས་ལྔ་སྟོང་ལྔ་བརྒྱ་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།བྱམས་ཕྲན་འབུམ་ཕྲག་མཐའ་ཡས་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།སྒོ་འབྱེད་བྱམས་མ་བཅུ་དྲུག་ལ་གསོལ་བ་འདེབས།མགོན་མེད་སྐྱབས་མེད་ཀུན་གྱི་མ་ཅིག་གིས།ཕྱི་ནང་གསང་བའི་བར་ཆོད་ལམ་དགྲ་སེལ།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།ཁྱེད་རྣམས་ཐུགས་རྗེས་བདག་སོགས་གར་གནས་ལ།ནད་མུག་མཚོན་འཁྲུགས་བསྐལ་ངན་ཀུན་ཞི་ནས།སེམས་ཅན་བདེ་སྐྱིད་དཔལ་འབྱོར་ཕུན་སུམ་ཚོགས།འགྲོ་ཀུན་བོན་སྤྱོད་བསྟན་པར་དར་བར་ཤོག།དེ་ནས་སྤྱན་དྲངས་ནི།ཨཱྃ་དབྱིངས་ཀྱི་བྱམས་མ་འཁོར་དང་བཅས།རང་ལུས་དཀྱིལ་འཁོར་སྤྱན་དྲངས་བས།འགྲོ་ཀུན་ཐུགས་རྗེས་འདྲེན་པའི་ཕྱིར།འཁོར་དང་བཅས་ཏེ་བཞུགས་སུ་གསོལ།དེ་ནས་སྐུ་བསྟོད་པ་ནི།ཨཱྃ་རང་ལུས་དཀྱིལ་འཁོར་ཀུན་གསལ་བྱམས་མ།སྙིང་རྩ་ༀ་ལ་ཤེས་རབ་བྱམས་མ།མཚེར་རྩ་ས་ལ་ཐབས་ཀྱི་བྱམས་མ།གློ་རྩ་ཧ་ལ་ནམ་མཁའི་མཛོད་འཛིན།མཆིན་རྩ་རི་ལ་ཐུགས་རྗེའི་བྱམས་མ།མཁའ་རྩ་ཎི་ལ་སྟོབས་ཀྱི་བྱམས་མ།འཁོར་བའི་མུན་སེལ་འགྲོ་ཀུན་འདྲེན་མ།དུག་ལྔའི་བདུད་དཔུང་འཇོམ་མར་ཕྱག་འཚལ།རྣམ་ཤེས་བརྒྱད་ལ་མ་བ་མ་དེ།མ་ཧི་མོ་ཧོ་འཇིགས་སྐྱབས་མ་བརྒྱད།དགྲ་བྱེད་རིགས་ཀླུ་མུ་སྐྱོན་ཚེ་གཟའ།འཇིགས་པ་བསྲུང་ཞིང་སྐྱབས་མར་ཕྱག་འཚལ།རྣམ་ཤེས་ཚོགས་བརྒྱད་རྩ་མདུད་གཡས་གཡོན།མ་ལ་མདོ་འབུམ་བྱམས་མ་བཅུ་དྲུག།དཔག་མེད་འགྲོ་འདྲེན་ཀུན་འདུས་བྱམས་མ།སྒྲིབ་མེད་ཀུན་མཁྱེན་ཡུམ་ལ་ཕྱག་འཚལ།ཚིགས་ཆེན་བཅུ་ཡིས་རྩ་མདུད་ཨེ་ལ།ནང་འཁོར་བཅུ་ཡིས་བྱམས་མའི་ཕྱག་ཞབས།སོར་མོ་ཤུའི་ཨེ་ལ་ཕྱི་འཁོར།སུམ་ཅུ་སོ་གཉིས་ཡུམ་ལ་ཕྱག་འཚལ།བྱེ་བྲག་རྩ་ཕྲན་ང་གཉིས་མ་ལ།ཕྲིན་ལས་བྱམས་མ་ལྔ་བཅུ་ང་གཉིས།རྣམ་བཞིའི་ཕྲིན་ལས་རྒྱས་མཛད་བྱམས་མ།འགྲོ་མགོན་ལྷུན་གྲུབ་ཡུམ་ལ་ཕྱག་འཚལ།ཕྱག་ཞབས་མཐིལ་བཞི་ངར་བཞི་བླ་དཔུང།ནང་སྣོད་བཞི་སོགས་ཧོ་ཡིག་བཅུ་དྲུག།ཕྱི་ནང་གསང་བ་ཡང་གསང་སྒོ་བཞི།མངོན་ཐབས་གནས་ལམ་སྒོ་འབྱེད་ཕྱག་འཚལ།ནང་རྩ་བརྒྱ་དང་རྩ་བརྒཡད་དེ་ཡི།མ་ལ་བྱམས་ཆེན་བརྒྱ་དང་རྩ་བརྒྱད།བོན་རྟོགས་དབྱིངས་ཡེ་ཐབས་ཤེས་སྤྲུལ་པ།ཀུན་ལ་དབང་སྒྱུར་བྱམས་མར་ཕྱག་འཚལ།ཕྱི་རྩ་སུམ་རྒྱ་དྲུག་ཅུའི་ཡེ་ལ།བྱམས་མ་ཆེན་མོ་སུམ་རྒྱ་དྲུག་བཅུ།ཁམས་གནས་རིགས་དང་ཡུལ་ལ་ལྟོས་མཛད།ཁམས་གསུམ་དོན་སྤྲུག་ཡུམ་ལ་ཕྱག་འཚལ།ལུས་ཀྱི་བ་སྤུ་རེ་རེ་རྒྱུ་ལ།བྱམས་སྲས་ཡེ་ཤེས་ལྔ་སྟོང་ལྔ་བརྒྱ།གནམ་ས་ས་ལམ་སྲིད་ཚད་སྒྲུབ་སྟེ།རྒྱལ་སྲས་ཀུན་བསྐྱེད་ཡུམ་ལ་ཕྱག་འཚལ།དབུ་སྐྲ་རེ་ལ་ཡི་གེ་པ་རེ།དེ་ལ་བྱམས་ཕྲན་འབུམ་ཕྲག་མཐའ་ཡས།བར་ཆེད་དགྲ་བགེགས་ནད་གདོན་བཟློག་མ།ལམ་སྣ་འདྲེན་པའི་དཔལ་ལ་ཕྱག་འཚལ།ལྗགས་ཀྱི་ཡེ་ལ་སྤྲུལ་སྐུ་རྣམ་གཉིས།ཀུན་གསལ་བྱམས་མའི་དཀྱིལ་འཁོར་ལྷ་ཚོགས།མ་ལུས་བསྟོད་པས་ལྗགས་ལ་མངོན་བཞུགས།ཐེག་གསུམ་མཛོད་འཛིན་ཡུམ་ལ་ཕྱག་འཚལ།ཤང་གཉིས་ཏ་ལ་ངོ་བོ་སྐུ་གཉིས།དཔལ་མགོན་ལྷ་སྲིན་སྡེ་བརྒྱད་རིགས་དྲུག་མ་ལུས་དབང་སྡུད་ཇམས་ཅད་འདྲེན་མ།ཁམས་གསུམ་དབང་སྡུད་ཡུམ་ལ་ཕྱག་འཚལ།སྙན་གཉིས་འདུ་འདུ་རྫོགས་སྐུ་རྣམ་གཉིས།ཐུགས་རྗེའི་ཉི་མ་འགྲོ་ཀུན་ཤར་བས།ཞི་རྒྱས་དབང་དྲག་ཕྲིན་ལས་རྒྱས་མ།སྲིད་གསུམ་ཟིལ་གནོན་ཡུམ་ལ་ཕྱག་འཚལ།སྤྱན་གཉིས་སྭཏཱ་བོན་སྐུ་རྣམ་གཉིས།དུས་གསུམ་སངས་རྒྱས་ཀུན་གྱི་ཡུམ་གཅིག།ལོག་རྟོག་མུ་སྟེགས་འདུལ་བའི་བྱམས་མ།མཁྱེན་གསུམ་མཐར་ཕྱིན་ཡུམ་ལ་ཕྱག་འཚལ།ཨཱྃ་ས་ཏ་རི་ཎི་མ་བ་མདེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུའདུ་སྭཧཱ།འཛབ་བསྟོད་པ་ནི།ཨཱྃ་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།མི་སྐྱེ་མི་འགག་ནམ་མཁའི་རང་བཞིན་ཅན།སྐྱེ་མེད་དབྱིངས་ནས་གསལ་བའི་འོད་ཕྱུང་ཞིང།ཐུགས་རྗེ་ཀུན་གྱི་མགོན་ལ་ཕྱག་འཚལ།རིགས་ལྔ་བརྒྱད་སྐྱོབས་སོ་གཉིས་དང།ང་གཉིས་བྱམས་ཆེན་སྲས་བཅས་སྒོ་མ་སོགས།ཀུན་གསལ་བྱམས་མའི་ལྷ་ཚོགས་འཁོར་བཅས་ལ།སེམས་བསྐྱེད་སྐྱབས་འགྲོ་སྡིག་བཤགས་མཆོད་སྤྲིན་འབུལ།གསོལ་འདེབས་སྤྱན་དྲངས་ཕྱག་འཚལ་སྐུ་བསྟོད་དོ།སྙིང་པོ་འཛབ་ཀྱི་འཁོར་ལོའི་རྒྱུད་བསྐུལ་གྱིས།ཁྱེད་ཀྱི་ལྷ་ཞལ་བདག་ལ་བསྟན་དུ་གསོལ།ཤེས་རབ་ཕར་ཕྱི་ཡུམ་གྱི་ས་ཐོབ་ཤོག༎
Re:༄༅༎སྙན་བརྒྱུད་བྱམས་མ་རྕ་བའི་སྙིང་ཐིག་དབུ་ཕྱོགས་བཞུགས་སོ་། | 2015/3/2 12:35:37
སྐུ་མགྲོན་1iy4Cp(སྐུ་མགྲོན)འདི་སྙན་བརྒྱུད་ཡིན་ན། སུ་ཡིས་སུ་ལ་སྙན་དུ་བརྒྱུད་པ་ཡིན་ནམ།
རྩོམ་པ་པོ།:སྐུ་མགྲོན་1iy4Cp(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.