སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འགྲེམ་བརྡ།
[ 2014/10/1 21:20:00 | By: ལྷ་གཡག་དར་མ། ]
 
 
 
 
འགྲེམ་བརྡ།
 ངེས་དོན་སེམས་ཀྱི་མོས་པ་ཡི་གེ་ལ་ཕྱོགས་ཤིང་། དལ་ཁོམ་ངག་གི་འདུ་བྱེད་
རྩོམ་རིག་ཀློག་པར་སྤྲོ་བའི་ཀློག་པ་པོ་རྣམས་གསོན་དང་། ང་ཚོས་ན་ནིང་གི་
འཆར་གཞི་དེ་ད་ལོ་འགྲུབ་ཅིང་སང་ཕོད་ཀྱི་དབུ་ཁྱུད་བྲིས་པའི་
༼པ་ཏ་པོ་ལི༽ཞེས་པའི་དུས་དེབ་འདོན་ཐེངས་དང་པོ་སྟེ། དཀའ་ཚེགས་ཀྱི་ལ་མོ་
ཐོལ་གྱིས་བརྒལ་ཞིང་འབད་བརྩོན་གྱི་ལོ་ཟླ་རིག་པས་བསུས་ནས་དངོས་སུ་
སྤྱི་ཚོགས་ཐོག་ཏུ་སླེབས་ཐུབ་པ་བྱུང་ལ་མི་རིང་བར་ཁྱུང་ཡུལ་གཙོས་པའི་ས་ཕྱོགས་
སོ་སོར་དགྲམ་རྒྱུ་ཡིན། ཟུར་ཞུ་ཞིག་ལ་གྲོགས་པོ་གང་མང་ཞིག་གིས་རྩོམ་ཡིག་གི་
སྦྱིན་པ་གང་མང་ཞིག་གནངས་བྱུང་བས་ཁྱེད་རྣམ་པ་ཐུགས་རྗེ་ཆེ། 
 ལོ་དེབ་ཀྱི་སྒྲིག་གཞི་དང་ཤོག་གྲངས་ལའང་ཚོད་འཛིན་དགོས་ཕྱིར་རྩོམ་ཡིག་
མང་པོ་ཞིག་འགོད་ཐབས་བྲལ་ལ་བཀོད་ཟིན་པའི་རྩོམ་འགའ་ལ་བཅད་བཏུབ་
མི་ཉུང་བ་ཞིག་བྱེད་དགོས་བྱུང་བས་དགོངས་པ་མ་འཚོམ་ཟེར་ནས་ཞུ་དགོས་བྱུང་། 
རྗེས་སོར་ཡང་དེ་བཞིན་ལོ་དེབ་ཀྱི་ཁ་ཕྱོགས་ནི་རྒྱུན་ཤེས་གཙོས་པའི་རྩོམ་ཡིག་
གང་མང་ཞིག་བསྩལ་རོགས་ཞུ་བ་ཡིན། འདི་ནི་ང་ཚོ་ཁོམ་དྲགས་ནས་ཅི་བྱེད་
མ་རྙེད་ནས་ཁ་རྩེད་ལག་རྩེད་བརྩེས་པ་མིན་ལ། དཔལ་འབྱོར་འབེལ་དྲགས་ནས་
རྒྱུ་རྩེད་བརྩེས་པའང་དེ་བས་མིན། འདི་ནི་ང་ཚོས་ཤ་རུས་པའི་གཏིང་གི་སྐད་ཆ་
དག་རེ་རེ་བཞིན་རྔུལ་ཆུ་དང་ལྷན་དུ་ཕྱིར་ཕྱུང་ནས།  བསམ་གཞིག་གི་སྣེ་མོ་
སྨྱུ་གུ་ལ་བཏག་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་དང་དུ་བླངས་ནས། རྒྱུན་ཤེས་དང་
བསླབ་བྱ་བླང་དོར་གྱི་གལ་གནད་སོགས་རེ་རེ་བཞིན་དུ་མཛུབ་གུས་རི་སྟོན་གྱིས་
ཁྱེད་ཚོ་ལ་ཕན་སེམས་དང་།  ཕ་མྱེས་ཀྱིས་སྤྲད་པའི་རང་ཡུལ་དྲོན་མོ་འདིར་
ལྷག་བསམ་གྱི་ལེགས་སྐྱེས་ཤིག་དང་རང་ཉིད་ཀྱིས་སྦྲང་དཀར་རྩམ་པ་ཟོས་པའི་
ཟས་རིན་གྱི་དོད་པོ་ཡང་ཡིན། ང་ཚོས་ང་ཚོ་ལ་ཡིད་ཆེས་ཡོད་ལ་སྤོབས་པ་ཡང་།
མུ་མཐུད་ནས་རྩོམ་རིག་གི་གླིང་ཀ་ནས་མི་སྐད་རྒྱག་བཞིན་མདུན་དུ་གོམ་པ་
རེ་རེ་བྱེད་ནས་འགྲོ་འཆར་ཡོད་པས་ཁྱེད་ཚོས་གསན་འཇུག་མ་ལོག་དང་
མུ་ནས་མུ་རུ་ཡོད་ཨ།
 
 
 

 

 

 

 

 
 
Re:འགྲེམ་བརྡ།
[ 2014/10/7 20:43:15 | By: སྐུ་མགྲོན་806Fvi(སྐུ་མགྲོན) ]
 
སྐུ་མགྲོན་806Fvi(སྐུ་མགྲོན)དགའ་བསུ་སྙིང་ནས་ཞུ། ཞང་བློ་གསལ།
 
 
Re:འགྲེམ་བརྡ།
[ 2014/10/4 0:56:13 | By: སྐུ་མགྲོན་typ0SF(སྐུ་མགྲོན) ]
 
སྐུ་མགྲོན་typ0SF(སྐུ་མགྲོན)ཁྱེད་ཚོས་ངལ་བ་ལྷུར་བླངས་ཀྱིས་བོད་ཡིག་དུས་དེབ་བཏོན་པར་དགའ་བསུ་ལོས་ཞུ་འོས། འོན་ཀྱང་སྲིད་དོན་ལ་ཕོགས་ཐུག་འགྲོ་བའི་ཚིག་སྦྱོར་གང་དེར་ཤིན་ཏུ་ནས་གཟབ་པར་འཚལ། དེང་དུས་ཀྱི་ཁྱུང་མི་ཚོས་རྒྱལ་ཁབ་དང་ལེགས་འབྲེལ་གྱིས་ཁྱུང་ཡུལ་ཚད་མཐོའི་ཡར་རྒྱས་གཏོང་དགོས་པའི་དུས་ཡིན་པ་དང་ཁྱུང་ཕྲུག་ཚོས་གནའ་དེང་གི་རིག་གནས་ལ་སྦྱང་པ་མཐར་གསོན་པར་འབད་དགོས་པའི་དུས་ལ་སླེབས་ཡོད་དོ། །
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ལགས་སོ། དྲན་བསྐུལ་གནང་བ་དང་ལེན་ཡོད། འོན་ཀྱང་ང་ཚོའི་ལོ་དེབ་ཀྱི་ཁ་ཕྱོགས་གཙོ་བོ་མང་ཚོགས་ལ་གཏད་ནས་རྒྱུན་ཤེས་རིགས་གཙོ་བོ་བཟུང་ཡོད། ཆབ་སྲིད་དང་ཆོས་ལུགས་ང་ཚོས་གླེང་མི་ཤེས་པས་དོར་བྱ་རུ་བརྩིས་ནས་ཆོས་སྲིད་གཉིས་ལ་གནོད་སྐྱོན་ཐེབ་པའི་ཚིག་མཚོན་ཅི་ཡང་མེད། ལྷ་གཡག་དར་མས།
 
 
Re:འགྲེམ་བརྡ།
[ 2014/10/2 17:26:43 | By: སྐུ་མགྲོན་N6JUm8(སྐུ་མགྲོན) ]
 
སྐུ་མགྲོན་N6JUm8(སྐུ་མགྲོན)རྟེན་འབྲེལ་ཞུ་་་་་ལྗང་ཞུན་ནས།
གཤམ་དུ་ལྷ་གཡག་དར་མ།་ལགས་ཀྱིས་ལན་སློག་པ་ནི་
ཕེབས་པར་དགའ་བསུ་ཡོད།
 
 
Re:འགྲེམ་བརྡ།
[ 2014/10/2 16:44:45 | By: lodoe ]
 
lodoeབཀྲ་ཤིས་བདེ་ལེགས་གྲངས་མེད་ཀྱི་ཁ་གཡང་འབོད། རིང་མིན་མཇལ་བར་སྨོན།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.