སྒྲིག་འཇུག...
 

སྒྲིག་འཇུག...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཟིན་ཐོའི་རྣམ་གྲངས།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
ཐོ་འགོད།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྩོམ་བརྡ།
[ 2014/9/23 10:06:00 | By: འཕན་བུ། ]
 

 རྩོམ་བརྡ། 

དེ་ཡང་དུས་རབས་ཉེར་གཅིག་པའི་ནང་འདིར་སྤྱི་སྒེར་གང་རུང་དང་ས་གནས་སོ་སོ་ནས་གྲུབ་མཐའ་རིས་མེད་དང་ཚན་རྩལ་རིག་གནས་ལ་འབྲེལ་བའི་དུས་དེབ་དང་ཚགས་པར་སྣ་ཚོགས་ཤིག་འགྲེམ་སྤེལ་བྱས་དང་བྱེད་མུས་སུ་མཆིས། དེ་བཞིན་དུ་ང་ཚོས་ཀྱང་ཁ་མིག་ཡར་ལྟ་དང་སྐུད་པ་ཡར་འཁེལ་གྱི་ཚུལ་དུ༼འཕན་ཆུ་སྔོན་མོའི་རླབས་སྒྲ༽ཞེས་པའི་སྣ་མང་རང་བཞིན་གྱི་ལོ་དེབ་ཅིག་གསར་དུ་གཉེར་རྩིས་ཡོད་པས་བོད་སྤྱི་ལ་བློ་དཀར་བའི་བླ་སྤྲུལ་དགེ་བཤེས་རྣམས་དང་མཁས་པའི་དབང་བོ་དག་གིས་མཛུབ་སྟོན་དང་རྒྱབ་སྐྱོར་གནང་བར་མཁྱེན། 
གཅིག  ས་གནས་བྱེ་བྲག་པ༼འཕན་ཆུ༽ཞིག་གི་རིག་གནས་སྔོག་འདོན་བྱེད་པ་ནས་འགོ་བཟུང་སྟེ་བོད་སྤྱི་ལ་ཁྱབ་པའི་ཁ་ཕྱོགས་སུ་བསྙེག་རྒྱུ། 

གཉིས། གྲུབ་མཐའ་རིས་མེད་དང་སྐྱ་སེར་ཁྱད་མེད་ཀྱི་མཁས་དབང་རྣམ་པའི་གསུང་གི་བདུད་རྩི་ལ་བརྟེན་ཏེ་བོད་ཀྱི་ཆོས་རིག་གིས་འཛམ་གླིང་ཡོངས་ལ་ཕན་པའི་རྩོམ་རིག་སྒྱུ་རྩལ་གྱི་ཞིང་ས་གཤིན་པོ་ཞིག་བསྐྲུན་རྒྱུ།  
གསུམ  རང་གི་ས་གནས་གཙོར་བྱེད་པའི་གསར་སློབ་པ་མང་བོ་ཞིག་སྐྱེད་སྲིང་བྱ་རྒྱུ་བཅས་སོ། །

གོང་གི་དམིགས་ཡུལ་གཞིར་བཟུང་ནས་རྒྱལ་ཕྱི་ནང་གི་མཁས་དབང་རྣམ་པས་རྩོམ་ལུས་སྣ་ཚོགས་ཀྱི་ལམ་ནས་རྒྱབ་སྐྱོར་རེ་གནང་བར་སྙིང་ཁོང་རུས་པའི་གཏིང་ནས་རེ་བ་ལན་བརྒྱར་ཞུའོ།།

རྩོམ་གྱི་ནང་དོན། སྤྱིའི་ཁྲིམས་དང་མི་འགལ་བ། 

རྩོམ་ལུས། སྒྲུང་གཏམ་མ་ཡིན་པའི་གཞན་པ་གང་ཡང་རུང་། 

རྩོམ་བསྡུའི་དུས་ཡུན། སྤྱི་ཟླ་བཅུ་བའི་ཟླ་མཇུག་གི་བར་ཡིན།

ས་གནས། སི་ཁྲོན་མཛོད་དགེ་རྫོང་བབ་བཟོ་མདའ་ཆེན་དགོན། 
འབྲེལ་གཏུག་པར། ༡༣༩༩༠༤༤༨༧༠༡ ༡༣༥༦༨༧༩༡༥༠༩ 

ཡིག་སྒམ།      panqulazha@163.com

འཕན་ཆུ་སྔོན་མོའི་རླབས་སྒྲའི་རྩོམ་སྒྲིག་ཚན་ཆུང་གིས་གུས་ཕུལ།    ༢༠༡༤     

 
 
Re:རྩོམ་བརྡ།
[ 2014/9/26 1:59:12 | By: སྐུ་མགྲོན་817Gwk(སྐུ་མགྲོན) ]
 
སྐུ་མགྲོན་817Gwk(སྐུ་མགྲོན)འཕན་ཆུ་ཞེས་པའི་ལུང་པ་འདི་ག་བར་ཡོད་དམ་ལུང་པ་འདིར་ཡུལ་གྲོང་ཇི་ཙམ་ཡོད་དམ། །
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.