སྒྲིག་འཇུག...
 

སྒྲིག་འཇུག...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཟིན་ཐོའི་རྣམ་གྲངས།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
ཐོ་འགོད།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
[ 2014/9/10 8:11:00 | By: འཕན་བུ། ]
 

དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
                             
འཕན་བུ།

སྨག་ནག་པའི་སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ
ཁྱོད་ཀྱི་དྲོད་ཁོལ་འཁྱིལ་བའི་གཞིས་ཁྱིམ་དེ་ཡིན
མུག་པ་དང་གྲང་ངར་ཅི་འདྲ་རྒོད་ན་ཡང
ཁྱོད་ཀྱིས་གོམ་ཁ་གཏན་ནས་ལྷོད་མ་མྱོང་བར་བཤད

ཆ་མི་ཚང་བའི་གཞིས་ཁྱིམ་འདིའི་ཕྱི་ནང་གསང་གསུམ
ཁྱོད་ཀྱི་འོས་འགན་འབའ་ཞིག་ཏུ་གྲུབ་སོང་བས
ཁྱོད་ཀྱིས་ཀྱང་དུས་ཚོད་དང་འགྲོགས་ནས་ཚེ་སྲོག་བསྲིངས

རི་ཚོགས་ཀྱི་ཕ་རོལ་དག་ན
ལྗང་མདོག་གི་དག་ཞིང་མང་པོ་མང་པོ་ཞིག
ཁྱོད་ཀྱི་ཤེས་རབ་ཀྱིས་བསྐྲུན་སོང
འཆར་ཡན་གྱི་རི་མོ་སྣུམ་པོ་སྣུམ་པོ་དེ་དག་ཀྱང
ཁྱོད་ཀྱི་ལུས་ངག་གི་བྱིན་རླབས་ཁོ་ན་ལས་གྲུབ་བྱུང

ཉི་འོད་ཀྱིས་དྲོད་སྐྱིད་སྟེར་བ་བདེན་དུ་ཆུག་ཀྱང
སྲིབ་ངོས་དག་ལ་འཆར་རབས་ཡེ་ནས་མེད
ཁྱོད་རང་ནི་དམའ་ས་དམའ་ས་ཞིག་ནས
བདེ་དྲོད་ཀྱིས་འབར་འོང་བ་སུས་ཀྱང་བསྙོན་དུ་མེད
དེ་བཞིན་ཟླ་འོད་དང་ས་གཞི རྩི་ཤིང་དང་ཆུ་རྒྱུན
ཡོད་ཚད་ཀྱི་ཡོད་ཚད་ཀྱིས་ཁྱོད་ཀྱི་དོ་ཟླ་མེད་པ་ཨེ་མ་རྨད

དམུ་རྒོད་ཀྱིས་སྨིན་པའི་ལྗང་མྱུག་དེ་དག་ལ
གཤིས་འཇམ་གྱི་མེ་ཏོག་བཞད་སོང་བ་ཁྱོད་ཀྱི་དྲིན
མཉེས་གཤིན་ཀྱི་རྩ་བ་ལ་སྙིང་སྟོབས་ཀྱི་མེ་ལྕེ་མཆེད་པའང
ཁྱོད་ཀྱི་མཛད་པ་འཕྲིན་ལས་རྐྱང་རྐྱང་ལས་མ་འདས

ཚེ་སྲོག་གི་ཞིང་ས་སྐྱ་བོ་དག་ན
ཁྲ་ཆིལ་གྱི་མེ་ཏོག་བཞད་པ་སྐྱག་རྫུན་མིན་ཤག
རུས་རྐང་དང་ཀླད་སྙིང་ལ་ན་ཟུག་བླངས་པའང
ཁྱོད་ཀྱི་སྒོམ་དཀྱེལ་གྱི་སྤོབས་པ་ལས་འཁྲུངས་འདུག

སེམས་ཀྱིས་བཏེགས་པའི་དགྱེས་སྐྱེམས་འདི
གཙང་བཞེས་ཐེངས་གཅིག་གནང་རོགས
ཁྱོད་ཀྱིས་དུས་ཚོད་ཀྱི་ཕྲག་གོང་ནས་འོ་རྒྱལ་མྱོང་སོང
                         
༢༠༡༤    

 
 
Re:དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།
[ 2014/9/10 8:18:29 | By: zezhou ]
 
zezhouལྷག་བསམ་དག་པའི་དགེ་རྒན་དམ་པ་རྣམས་ཀྱི་མཛད་འཕྲིན་རྒྱས་པ་དང་དགེ་གཟུགས་འཛིན་པའི་ཉེས་ཁ་ཅན་དག་ལ་འབོད་སྐུལ་གཏོང་བའོ། འཕན་བུས།
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.