སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སེམས་གཏམ་ཡིད་ལ་ཟུང་།།
[ 2014/7/23 20:23:00 | By: ལྷ་གཡག་དར་མ། ]
 
སེམས་གཏམ་ཡིད་ལ་ཟུང་།། 
ཐག་རིང་འགྲོ་མཁན་གྱི་སྙིང་གྲོགས་ལ་སྐྱེལ་མ་བྱ། 
ཀ་ཁ་ག་ངའི་རིན་ཐང་སེམས་ལ་ངེས།།
 ཁ་བའི་བུ་ཕྲུག་གྲོགས་པོ་ལྡོང་གི་མཚན།།
ག་རེ་བསམ་པ་ཤོག་ངོས་རི་མོར་བྲིས།།
 ང་ཡི་གྲོགས་མཆོག་དམ་པ་ཁྱེད་རྒྱལ་ལོ།།
 
ཅ་ཅོ་མང་བའི་དུས་རབས་ཉེར་གཅིག་འདིར།། 
ཆ་འཇོག་ཡིད་རྟོན་ཆོག་པའི་གྲོགས་པོ་ཁྱེད།།
ཇ་ཚགས་བཞིན་དུ་སྙིགས་དོར་བཅུད་ལེན་ནས།།
 ཉ་མོ་ཆུ་ལ་དུངས་ལྟར་རིག་གནས་བརྩོན།
 
ཏ་ཟིག་རྒྱལ་པོ་བཞིན་དུ་རྒྱུ་དགོས་ན།། 
ཐ་གྲུ་མང་པོར་ཐོས་པ་བསགས་ལ་བསྐྱོད།།
ད་ལྟའི་དུས་འདིར་ཤེས་ཡོན་གཙོ་ཆེ་བས།།
 ན་སོ་གཞོན་དུས་རིག་པའི་གནས་ཀུན་བརྩོན།།
 
པ་ཕ་ཨ་མས་བཅང་བའི་རེ་བ་དེ།།
 ཕ་མཐའ་ཡས་པའི་ལྔ་ཟུང་རིག་གནས་ལ།།
བ་ཉལ་མཛོ་གྲོད་ངང་ཚུལ་མི་བྱེད་ནས།། 
མ་རབས་དོར་ནས་ཉིན་བཞིན་མདུན་བསྐྱོད་བྲེལ།།
 
ཙ་རི་གནས་བསྐོར་འགྲོ་མཁན་ཇི་བཞིན་དུ།།
 ཚ་གྲང་གང་རུང་གདོན་ལེན་ཕོད་པ་ཞིག །
ཛ་ཡའི་གསུང་དང་གཞན་རིག་གང་མང་སྦྱོངས། ། 
ཝ་ལེར་གསལ་བའི་མདུན་ལམ་ཡག་ཤོས་རྙེད། ། 
 
ཞ་རའི་བལྟ་སྟངས་དེས་ཀྱང་མི་འཕྲོད་པས།། 
ཟ་སྤྱོད་འགྲོ་འདུག་ཀུན་དང་མཐུན་པ་ཞིག །
འ་ཅག་མི་རིགས་ལ་འདི་ཡི་སྐྱིད་སྡུག་ཤོད།།
 ཡ་རབས་མི་བུ་དག་ལ་མིག་དཔེ་ལྟོས།།
 
ར་བཟིའི་གཏམ་གླེང་འདྲ་བའི་རྩོམ་འབྲི་དོར།། 
ལ་རྒྱའི་སྟོང་གཏམ་དེས་ཀྱང་ཅི་མི་ཕན།།
ཤ་ཚའི་སྙིང་གཏམ་གནད་དོན་ངོ་མ་ཤོད །། 
ས་སྟེང་འདི་རུ་བསྡད་པའི་དོན་གོ་ཆོད། 
 
ཧ་ཅང་འདྲིས་པའི་གྲོགས་པོ་དམ་པ་ལ།། 
ཕྱིན་པའི་གནས་དེར་དོན་སྒོ་ཆོད་པ་དང་།།
ཨ་མ་དང་ནི་བརྩེ་བའི་མི་བུ་ཚོས།། 
རེ་བ་སྟོང་ཟད་མ་གཏོང་ཕ་བཟང་བུ།། 
 
ཡང་གཅིག་བཤད་ན། 
ཕྱི་རོལ་ཁྲ་ཁྲའི་རིགས་ལ་ཞེན་མ་ཆེ།།
མི་བུ་ཁྲ་ཁྲ་དེ་ཚོར་མགོ་མ་འཁོར།།
 སེམས་པ་ཁྲ་ཁྲ་དེ་ལ་བློ་མ་གཏད།།
གང་ལྟར་ཁྲ་ཁྲའི་རིགས་ལ་དོག་ཟོན་མཛོད།། 
 
གཞན་ལས་ལྷག་པའི་རྣམ་རིག་ཁྱོད་ལ་ཡོད།།
སེམས་པའི་སྟོབས་ཤུཌ་སྔར་ལས་ཆེར་སྐྱེད་དགོས།།
 དཀའ་ངལ་གང་འདྲ་བྱུང་རུང་གདོང་ལེན་བྱོས།།
མཆོག་གསུམ་དམ་པས་ཁྱོད་ལ་མགོན་སྐྱོབས་མཛོད།། 
༢༠༡༤ ༧ ༢༢ ལྷ་སའི་ལྔ་རིག་དཔེ་ཚོང་ཁང་། འོ་ཆ་སུམ་དམ་གང་འཐུང་ཞོར་བྲིས། ལྷ་གཡག་དར་མ།
 
 
Re:སེམས་གཏམ་ཡིད་ལ་ཟུང་།།
[ 2014/9/12 10:00:50 | By: zezhou ]
 
zezhouཐེངས་ཁ་ཤས་ལ་བཀླགས་ཟིན། ཡག་སྣང་འདུག འཕན་བུས།
 
 
Re:སེམས་གཏམ་ཡིད་ལ་ཟུང་།།
[ 2014/8/15 20:50:55 | By: སྐུ་མགྲོན་wBRe7I(སྐུ་མགྲོན) ]
 
སྐུ་མགྲོན་wBRe7I(སྐུ་མགྲོན)ཡག་པོ་བྲིས་འདུག
 
 
Re:སེམས་གཏམ་ཡིད་ལ་ཟུང་།།
[ 2014/8/11 14:22:00 | By: khyung ]
 
khyungང་ཡོང་ཡོད་
 
 
Re:སེམས་གཏམ་ཡིད་ལ་ཟུང་།།
[ 2014/7/25 21:45:52 | By: danzengyixi ]
 
danzengyixi


དྲྭ་གྲོགས་ཁྱུང་བསོད་བློ་ལགས་གནས་འདིར་ཕེབས་པར་དགའ་བསུ་ཞུ།
ལྷ་གཡག་དར་མས།
 
 
Re:སེམས་གཏམ་ཡིད་ལ་ཟུང་།།
[ 2014/7/23 21:34:50 | By: སྐུ་མགྲོན་0HWj0N(སྐུ་མགྲོན) ]
 
སྐུ་མགྲོན་0HWj0N(སྐུ་མགྲོན)གྲོགས་ལྷ་དར་གྱིས་རྩོམ་ཡིག་བཀླགས་ཟིན། དགའ་བསུ་ཞུ། ཁྱུང་བསོད་བློ་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.