སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༄༅ ཆུ།
[ 2013/12/1 15:56:00 | By: ལྷ་གཡག་དར་མ། ]
 
༄༅ ཆུ། 
གོང་རིམ་སྒྲིག་གཞི་ལེགས་པ །  
ཧོས་ཅན་ཧྥ་ཡི་ལྷག་བསམ།།
གཏོང་ཕོད་འདི་འདྲའི་མི་ལ།
སྙིང་ནས་བཀའ་དྲིན་ཆེའོ།། 
 
ཟབ་སྦྱོང་དུས་ཚོད་ཐུང་བ།། 
སློབ་ཚན་སྣ་ཁ་མང་བ།།
གཞུང་དོན་ཚུལ་བཞིན་རྟོགས་པ།། 
དཀའ་ངལ་ཅུང་ཟད་ཡོང་གིན།།
 
སློབ་དཔོན་ཆེན་མོ་ཞིག་གིས།།
འཁྲི་གཞི་ཆུ་ཡི་སྐོར་རེད།། 
ནད་ངན་མང་པོའི་ཞིག་གི །
རྒྱུ་རྐྱེན་ཆུ་ལ་ཐུག་ཡོད།།
 
ཆུ་ནི་ཚེ་སྲོག་འབྱུང་ཁུངས་།།
 ནད་ངན་མང་པོའི་འབྱུང་རྐྱེན།།
བརྒྱ་ཆ་བརྒྱད་ཅུ་ཙམ་ཞིག །
ཆུ་ངན་བསྟེན་པས་རེད་གསུངས།། 
 
ཟས་རིགས་མ་ཟོས་ཉིན་བདུན།།
འཚོ་བའི་གོ་སྐབས་ཡོད་ཟེར།། 
ཆུ་ནི་ཉིན་གསུམ་མ་རག ། 
གསོན་པའི་སྐལ་བ་མི་ལྡན།།
 
ལོ་ངོ་སྟོང་ཕྲག་མང་པོར།།
མེས་པོའི་ཐུགས་ལས་འཁྲུངས་པའི།། 
རང་ལུགས་གསོ་རིག་གཞུང་ལ།།
ཆུ་ལ་རིགས་བརྒྱད་དབྱེ་ཡོད།།
 
མི་ལུས་འཕྲོད་མིན་དེ་ཡང་།། 
རྒྱས་བཤད་གང་ལེགས་ཡོད་མོད།།
དེ་ཚོ་སྣང་མེད་བཞག་པ། །
དེ་རིང་དྲན་སོས་ཡག་བྱུང་།། 
 
དགེ་རྒན་ཆེན་མོ་དེ་ཡིས།།
འབག་བཙོག་བསྲེས་ལྷད་ཉུང་བའི།།
མཚོ་བོད་མཐོ་སྒོང་ཟས་ལ།། 
ཡིད་སྨོན་སྙིང་ནས་ཤོར་ཟེར།།
 
གང་མཁོ་གང་དགོས་ལྡན་པའི།།
ཁྲིན་ཏུ་གྲོང་ཁྱེར་ལྟ་བུ།། 
མཁའ་རླུང་དང་གཙང་དཀོན་པས།།
བཏུང་ཆུའི་སྤུས་ཚད་ཞན་གསུངས།།
 
དང་པོ་མཁའ་རླུང་མི་གཙང་།། 
ཟས་རིགས་བསྲེས་ལྷད་མང་བ།།
ཆུ་ཡི་སྤུས་ཚད་ཞན་པས།།
ནད་གཞི་འདི་ཚོ་སྣང་ངོ་།། 
 
སྟོད་སྒུར་པགས་སྲིན་པགས་འབྲས།།
མཆིན་སྐྲན་གྲུམ་བུ་ཚིགས་ཆེན།།
 རྨ་ངན་དུག་མཆེད་སོགས་ཀྱི།།
རྒྱུ་དངོས་དེ་ཚོ་ཡིན་གསུངས།།
 
ཤིང་ཆུ་ལ་སོགས་བསྟེན་མང་།།
 བོད་ཡུལ་ས་གནས་འགའ་ལ།།
གྲུམ་བུ་ཚིགས་ཆེན་ནད་དང་།།
ལྦ་བ་སྐྲངས་མཁན་མང་ཟེར །། 
 
གོང་སྨོས་ནད་གཞི་དག་ལ།
སྨན་སྤྱད་ཕན་ནུས་ཆུང་བས།།
ཐོག་མར་བཟའ་བཏུང་གཟབ་རྒྱུ།།
 ཤིན་ཏུ་གལ་འགང་ཆེ་འདུག །
 
དགུན་དུས་གྲང་ངར་ཆེ་རུང་།།
ལྷད་མེད་སྦྲང་དཀར་རྩམ་པ།། 
དང་གཙང་འོ་མ་ཞོ་མར།།
ལུས་ཟུངས་གསོ་བའི་སྨན་མཆོག །
 
ཕུ་ཡི་གངས་རི་དཀར་པོའི།།
 བཞུར་བའི་གངས་ཆུ་དྭངས་མ།།
རྫས་བསྒྱུར་དྲི་ཙམ་བྲལ་བས།།
སྐོམ་སེལ་བདུད་རྩི་ངོ་མ།། 
 
ང་ཚོ་བོད་པ་ཚང་ལ།།
ཚན་རིག་ལག་རྩལ་དབུལ་རུང་།།
རང་བྱུང་བཟའ་བཏུང་འབེལ་བ།། 
འདི་ཡང་དགེ་མཚན་ཞིག་གོ །
 
གནས་སྐབས་བྲོ་བ་ཞིམ་པའི།།
རྫས་བསྒྱུར་རིག་ལས་གྲུབ་པའི།། 
བཟའ་བཏུང་སྣེ་མང་རིགས་ལ།།
ཚོད་འཛིན་དགོས་པ་གལ་ ཆེ།།
 
ཕྱི་ཡི་རྒྱལ་ཁབ་འགའ་ལ།། 
འབའ་རྒྱུའི་ཆར་ཆུ་ཉུང་བས།།
ལྟོག་སྐོམ་མནར་བའི་མི་གྲངས།།
ཉིན་བཞིན་ཇེ་མང་རེད་ཅེས།། 
 
མ་ཡུམ་ས་སྒང་འདི་ལ།།
ཚང་མས་སྲུང་སྐྱོབས་དགོས་པ།།
འགན་ཁུར་འདུ་ཤེས་དེ་ནི།། 
རང་འགུལ་སྒྲུབ་རྒྱུ་གལ་ཆེ།།
 
ཟད་མེད་ཆུ་བོའི་རྒྱུན་བཞིན།། 
དཔེ་འདྲ་འདྲེན་ཚུལ་ཡོད་རུང་།།
དེ་ཡང་ཟད་མཐའ་ཡོད་པས།།
གྲོན་ཆུང་ངང་གིས་སྒྲུབ་དགོས།
། གསལ་བཤད། 胡锦华(ཧོས་ཅན་ཧྥ)
གཞི་རིམ་རྐང་འཛིན་སྨན་པའི་ཟབ་སྦྱོང་གི་འགྲོ་སོང་ཡོངས་རྫོགས་གཏོང་མཁན་རྒྱ་རིགས་བློ་མཐུན་ཞིག་གོ །
 ༢༠༡༣ ༡༡ ༡༡ ཉིན་བཏུང་བྱ་ཆུ་ཡི་འཆད་འཁྲིད་སྐབས་ཀྱི་ཟིན་བྲིས་སོ། ། 
 
 
Re:༄༅ ཆུ།
[ 2014/8/17 9:58:37 | By: ནམ་མཁའི་མེ་ཏོག་(སྐུ་མགྲོན) ]
 
ནམ་མཁའི་མེ་ཏོག་(སྐུ་མགྲོན)འབྱུང་བཞིས་བསྐྱེད་པས་རྩི་སྨན་
རྣམ་དཔྱོད་རིག་པའི་འཕྲུལ་གྱིས
སྡེབ་སྦྱོར་ལེགས་པར་ཤེས་ན
ནད་ཀུན་མི་སེལ་མི་སྲིད་
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.