སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། ༡༡ | 2013/11/5 12:57:00

 ཚེས་༣༠་་ཉིན། དགོན་པའི་ཇ་ཁང་ནང་གི་ ཐབ་ཀ་ཞིག་རལ་དུ། གྱུར་འདུག་པས་ཞང་པོ་གཡྲུང་བསྟན་པ་དང་། རྔོ་པོ་འཆི་མེད་གཉིས་ལ་ཐབ་ཀ་དེ་ཞིག་གསོ་བྱེད་རོགས་བྱས།  སྤྱི་ཟླ་་༨་་པའི་ཚེས་་༣་་ཉིན། འདུ་ཁང་ལ། སྐར་ཁང་གཉིས་ཤིང་བཟོ་ལ། བཟོ་རྒྱུ་འགན་འཁྲི་སྤྲད་པ་དང་། གྲོང་ཚོ་གསུམ་པར་སོང་ནས། སྔ་ལོ་འདུ་ཁང་ནང་། ས་རོ་འཕོ་རྒྱུ་ལུས་བསྡད་པ་དེ། འཕོ་རོགས་ལབ། དེ་སྐབས་གྲྭ་ཤེས་རབ་དཔྱིད་ཀ་སྒྲིབ་སྦྱོང་བཞུགས་དུས། ང་ལྡོམ་བུ་སོང་། བླ་མ་དཔལ་མཆོག་དང་མཁན་པོ་བསམ་དགེ་སོགས། ཁོང་རྣམ་པ་ཁྱིམ་ལ་མར་བྱོན་ཏེ། དགོན་པར་ཤེས་རབ་ཁེར་རུ། བཞུགས་མ་ཐུབ་པར། སྒྲིབ་སྦྱོང་བདུན་བཞི་ལས་ཆད་སོང་བ། འདོན་མི་བྱོན་འདུག་པས། བདུན་ལྔ་པ་ནས་གསུང་སོང་། ཚེས་༥་་ཉིན་འདུ་ཁང་ས་རོ། གཙང་མར་འཕོ་ཐུབ་སོང་། འདུ་ཁང་ས་རོ་ཞབས་ནས། སྒོ་ལབ་ཁ་ཤས་རུལ་འདུག་པ་ལས། མང་ཆེ་བ་ལ་རྐྱོན་མི་འདུག་  དེ་ནས་ཚེས་་༨་་ཉིན། འདུ་ཁང་གི་སྐར་ཁང་ཤེལ་ཚང་མ་ཆག་འདུག་པ། ཚང་མ་གསར་པ་བརྗེས། གསར་དུ་སྐར་ཁང་གཉིས་བཟོས་པ། སྨོན་ལམ་དང་། དཔལ་ལྷའི་འདུ་ཁང་ལ། སྐར་ཁང་གཉིས་གསར་དུ། ས་བྲུས་ཏེ་འཛུགས་བཅོལ། དེ་སྐབས་བསམ་དགེའི། གྲྭ་ཤག་གྱང་བརྡུང་བཞིན་འདུག་པས། ཕྲན་གྱི་རོགས་པ་འདྲ་བྱས། དེ་ནས་ཚེས་་༡༠་་ཉིན། གཡུང་དྲུང་ཟླ་བའི་གསས་རི་ར་ཁྲམ་ལ། འདུར་བཅའ་མི་འགྲོ་རོགས་ཟེར་བས། དེར་ང་། ལ་ཆེན་དང་བསྡུ་མར་ལ། དཀར་ལྡོམ་འགྲོ་དགོས་པས། ཁྱེད་ནས་རྟ་དང་རོགས་པ་བྱེད་རོགས་ལབ་པས། གཡྲུང་ཟླ་བས་ཡ་ཟེར། དེ་ནས་དཀར་ལྡོམ་འགྲོ་རྒྱུའི་གྲ་བསྒྲིགས་བྱས་ཏེ། འདུར་བཅས། དེ་ནས་གཡུང་དྲུང་ཟླ་བ་དང་ངེད་གཉིས། ཁྱུང་གཉིས་ལ་ནས། བྲག་དཀར་གཞུང་། བྲག་ནག་མདོ། སྔོ་བརྒྱ་གཞུང་། ལ་ཆེན་གཞུང་། བསྡུ་དམར་གཞུང་བཅས་སུ། མར་སློང་མོ་བྱས་ཏེ། ཚེས་་༡༤་ཉིན། དགོན་པར་འབྱོར། མར་སྐྱུར་གྲྭ་རྒན་གཉིས་ལ་རྩིས་སྤྲད། ཚེས་་༡༥་་ཉིན་ཁོང་རྣམ་གཉིས་དགོན་པའི་འདུ་ཁང་ནང་སྤོས། ཚེས་་༡༧་་ཉིན་ཚུན་ལ་སོང་ནས། འགོ་ཁྲིད་ལ། ཚུན་ཡོང་ནས་རྟ་གཉིས་ཁེར་རུ། རྒྱབ་རོགས། ཁྲ་ནང་ལ། དཀར་ལྡོམ་འགྲོ་དགོས་ལབ་པས། ཚུན་ཀྱི་འགོ་ཁྲིད་གཉིས་ཀྱི་དེ་སྔ། རྟ་རེས་ཡོད་མ་རེད། ད་རྟ་གཡར་མི་རྙེད་མ་རེད། ད་ཐིང་ངེད་གཉིས་ཀྱི་རྟ་ཁྲིད་སོང་ཟེར་ནས། རྣམ་རྒྱལ་དང་། བསོད་ནམ་དོན་འགྲུབ་གཉིས་ཀྱི། རྟ་རེ་གཡར་བྱུང་བས། ཚེས་་༡༩་་ཉིན་གྲྭ་ཀུན་དགའ་དང་ངེད་གཉིས། ཞལ་ཕུ་ཝ་གཞུང་ཁྲ་ནང་བཅས་ལ། དཀར་ལྡོམ་སོང་། ཚེས་་༢༢་་ཉིན། དགོན་པར་འབྱོར་མར་སྐྱུ་ར། གྲྭ་རྒན་གཉིས་ལ་རྩིས་སྤྲད། དེ་ནས་དགོན་པར། སྔོན་མའི་དར་ཆེན་འགྱེལ་འདུག་པ་དེ། ཡར་སློང་ནས་དར་ལྕོག་ཕོན་ཆེན་སྒྲོན། དེ་ནས་ལྕགས་ཀྱི། དར་ཆེན་གཅིག་བཟོས་ཏེ། གསར་དུ་བསྒྲིང་། སྤྱི་ཟླ་༩་་པའི་ཚེས་༡་ནས། སྤྱི་ཟླ་་༡༠་་པའི་ཚེས༡༡་བར། ཕྲན་ཚེ་དབང་བོད་ཡུལ་མའི་སྒྲུབ་པར་བསྡད། སྤྱི་ཟླ་་༩་་པའི་ཚེས་་༢༦་་ཉིན་གྲྭ་རྒན་བྱང་ཆུ་རྒྱལ་མཚན། དགོན་པར་ཕེབས་ནས་ཚེ་སྒྲུབ་སྟོན། སྤྱི་ཟླ་་༡༠་་པའི་ཚེས་་༡༢་་ཉིན་དགོན་པར་ལྕི་ཤིང་ཆད་དེ། ཟ་མ་གློག་ཐབ་སྟེང་བཀོལ་ན་ཡང་། གསུར་འདེབས་བྱེད་ལྕི་བ་མེད་པར་གྱུར། དེར་ངེད་གྲོང་ཚོ་ཚང་མར་སོང་ནས། དགོན་པར་ལྕི་ཤིང་ཞལ་འདེབས་འབུལ་དགོས་ཚུལ་དང་། སྒྲུབ་ཁང་ལ་བསྐང་གསོལ་ལམ་ལྷ་དང་། བསྔོ་འབྲས་ཞེ་དགུ་སོགས་ཕུལ་དགོས་ཚུལ་བཤད་དེ། ཉི་མ་ཁ་ཤས་སོང་། དེར་སྡེ་ནང་མི་ཁ་ཤས་ཀྱི། དགོན་པར་སྒྲུབ་ཁང་སོགས། བླ་གྲྭ་ཡོད་མ་རེད་ཟེར་དུས། ལྕི་ཤིང་སུ་ལ་འབུལ་དགོས་རེད་ཟེར། དེར་ངས་དགོན་པར། ད་ལྟ་གྲྭ་རྒན་བཞི་ཡོད་རེད། ང་དང་མི་ལྔ་རྒྱུན་བཞུགས་ཡོད་རེད། ངས་བསྔོ་དང་ཟ་མ་ཉོ་སྟེ། རྐང་ཐང་མར་དགོན་པར་ཁུར་རུ་ཁུར་ནས། ཞབས་ཕྱི་སྒྲུབ་བཞིན་ཡོད་པ། མཐོང་མ་བྱུང་ངམ་ལབ་པ་ཡིན།  དགོན་པར་ངེད་ཚོ་བསྡད་པ་ལ། དངོས་གནས་གནོད་མཁན་ཡོད་འདུག་ དེ་སྔའི་འགན་ཁུར་འགའི་རྐང་གཙུག་སྟེ། ང་ཚོར་དཀྲུག་གཏམ་བཤད་དེ། བློ་ལྡན་ངེད་གཉིས་རྫོང་ཐོག་ཏུ། སྔོ་སོགས་་ཉོ་མི་འགྲོ་སྐབས། ད་སྒྲུབ་ཁང་ཚང་མ་འཐོར་ཚར་ཏེ། སོ་སོའི་ཁྱིམ་ལ་རྒྱུགས་སོང་རེད་ཟེར་བས། ཕར་ལྟོས་དང་བློ་ལྡན་འདི་ན། འཁྱམས་འདུག་གདའ། སོགས་བཤད་མཁན་ཡོད་འདུག་ དེ་ནས་ཚེས་་༡༦་ཉིན་གྲོང་ཚོ་གསུམ་པའི་དུད་ཁ་ཤས་ཀྱི། ལྕི་ཤིང་འབྱོར་བྱུང་ལ། ངེད་ཚོའི་སོ་སོའི་ཁྱིམ་ཚང་ལ། ཆ་དང་ཡི་གེ་བསྐུར་ཏེ། ལྕི་ཤིང་བསྐྱལ་འོང་རོགས་ལབ་ནས། མི་རེའི་ལྕི་ཤིང་རྒྱབ་གསུམ་རེ་བསྡུས་པ་ཡིན། དེ་ནས་ཡང་བསང་བཏང་བྱེད་བསང་ཤུག་ཆད་སོང་།   དེ་ནས་སྤྱི་ཟླ་༡༠་པའི་ཚེས་་༢༠་ཉིན། གྲྭ་ཚུལ་དཔལ་དང་ངེད་གཉིས། ནག་སྟོད་ཁྲ་ལོག་ སེར་རི། སྟེང་ཆེན། རྫ་ཕོབ་འོབ། ཞེ་གཞུང་། ལྷ་མཐོང་ཚུན་ཡོང་བཅས་ལ། ཉིན་བཅུ་ཙམ་འབྲུ་སློང་མོ་སོང་ནས། དེ་ཚོ་རུག་ནས་གྲྭ་ཚུལ་དཔལ་གྱིས་ཁྱིམ་ལ་བཅོལ། ཟླ་་༡༡་པའི་ཚེས་༣་་ཉིན། ཕྲན་ཚེ་དབང་བོད་ཡུལ་མའི་སྒྲུབ་པར་བསྡད། ཚེས་༨་་ཉིན། གྲྭ་རྒྱལ་ཚུལ་དགོན་པར་བཞུགས།  ཚེས་་༡༥་་ཉིན། ཕྲན་ནས་སྔར་སྲོལ་ལྟར་སྒྲུབ་ཁང་གི་ འདོན་རྒྱུ་དང་འདོན་ལུགས། ཉ་ཚོགས་འབུལ་ལུགས་སོགས། ཞོག་པ་བསང་དང་བརྔན། འདོན་དགོས་ལུགས་དང་། ཡི་དམ་དབལ་གསས་གཞུང་དང་། བསྟན་སྲུང་སྲིད་རྒྱལ་དྲིལ་ནག་ སྒེར་སྲུང་བྲག་བཙན་དམར་པོ་དང་། དེ་མིན་བདུད་བཙན་རྒྱལ་པོ་སོགས། འདོན་ཚུལ་ཞིག་བྲིས་པ་འདི་ལྟར། ༈༈༈ གཡུང་དྲུང་བོན་གྱི་འདུས་སྡེ། དཔལ་གཤེན་བསྟན། ཁྱུང་པོ་ནག་རུ་དགོན། བསམ་གཏན་གླིང་གི། སྒྲུབ་ཁང་ལྷ་མཆོད་དང་། སྒོམ་སྒྲུབ་མཚམས་པ་བཅས་ཀྱིས། ཉིན་ལྟར་ཆད་མེད་གསུང་འདོན་གནང་རྒྱུ་ལ། ཐོ་རང་ཆུ་ཚོད་ལྔ་པར་བཞེངས་ཏེ། བློ་ལྡོག་རྣམ་བཞིས་རྒྱུད་སྦྱོང་སྟེ། རྩ་རླངས་གསོལ་འདེབས་འདོན། འཇུག་ཏུ་དུག་རླངས་དང་། སེམས་དྭངས་སྙིགས་འབྱེད་པས། རླངས་ཐུན་ཉེར་གཅིག་འབུད། དེ་ནས་ཏིང་ངེ་འཛིན་ལ། ཐུན་གཅིག་བཞུགས། དེ་ནས་ཡར་བཞེངས་སྟེ། ཕྱག་གང་འབྱོར་འཚལ། ཁྲུས་དང་གཙང་སྦྲ་མཛད། དེ་ནས་ཚོགས་འདོན་གསུང་། དེའི་སྐབས་མཆོད་དཔོན་གྱིས། འདུ་ཁང་ནང་། མར་མེ། ཡོན་ཆབ། སྤོས་སོགས། རྣམས་ལྔ་འབུལ། མེ་ཐབ་ཏུ། ཤུག་པ། ད་ལི་སུ་དཀར། ཨ་ཀྲོང་དཀར་པོ། མཁན་དཀར་སོགས་ཀྱི། ཞུག་ལ་། དཀར་གསུམ་མངར་གསུམ། འབྲུ་སྣ། ཕྱེ་མར། འོ་ཕུད། མར་གྱི་རྣམ་ལྔ་རྣམ་བརྒྱད། འབྲུ་ཡི་གཡག་ལུག་ར་གསུམ། བསང་ཕྱེ་སོགས་འབུལ་ཏེ།     དེ་ནས་འགའ་རེའི་བསང་རྒྱས་བསྡུས། གང་ལྕོག་དང་། སྲིད་རྒྱལ་དྲིལ་ནག་བསྐང་ཆེན། ལམ་ལྷ། སྒྲ་བླ་དཔའ་བསྟོད། ཡུལ་ས་ཁོལ་སྒྲུབ་སོགས་གསུང་། འགའ་རེའི། སྟོང་རྒྱང་བརྔན་རྒྱས་པ་ཚར་རེ་འདོན་དགོས། དཔྱིད་དབྱར་སྟོན་གསུམ་ལ། གཏོར་མ་རྒྱས་བསྡུས་གང་ལྕོག་གསུང་། དེ་ནས་ཞོག་ཇ་བཞེས་ཏེ། ཞི་བ་ཨ་གསལ་ཤར་འདོན་བྱ།  དེ་ནས་དགོན་པའི་ཡི་དམ་གཙོ་བོ། དབལ་གསས་རྔམ་པའི་གཞུང་རྒྱས་པ་ཚར་རེ་དང་། སྙིང་པོ་རྣམས་ཚར་བརྒྱ་རེ་ཡན་བགྲང་དགོས། དེ་ནས་སྤྲུལ་སྐུ་བློ་ལྡན་སྙན་རྒྱུད། གཤེད་དམར་དུ་ཏྲི་སུའི་མཆོད་སྦྱིན་དང་། ཨ་དཀར་གཅིག་སྟོང་རེ་ཡན་བཟླས་དགོས། དེ་ནས་ཉིན་གུང་ཟ་མ་གསོལ་ཏེ། ངལ་གསོ། ཆུ་ཚོད་གཉིས་པའི་ཐོག ་འདུ་ཁང་ནང་འཚོགས་ཏེ། འགའ་རེའི་ཡོན་རྒྱབ་སོགས་བྱུང་ན། ཁྲལ་སེལ། སླ་བཅོས་སུ་མ་སོང་བར། བློ་གཏད་ཡིད་ཆེས་ཕེར་བས། བཅའ་འདོན་མཛད། འགའ་རེའི། ཚོགས་དང་མཆོད་གཏོར་བཅའ་བའམ། མ་བདུད་བཙན་རྒྱལ་དང་བརྔན་བཅས་ཀྱི། ཟླ་གསོལ་བཅའ་དགོས་པ་བའམ། གཏོར་མ་བཅའ་དུས། དམ་རྫས་དང་། མཆོད་རྫས། གང་ལ་གང་དགོས། འཛོམས་པ། མཛེས་བརྗིད་བཀྲགས་མདང་ལྡན་པ། གཙང་ཞིང་ཡིད་དུ་འོང་བ། རྒྱ་ཆེ་ལ་དཔང་མཐོ་བ་བཅའ་དགོས། མ་ཚད་མཆོད་རྒྱུ་སྦྱིན་གཏོར་ནི། རབ་གྲུ་གང་ངམ་། མཐོ་གང་ལས་ཆུང་མི་ཆོག ་ཡང་ན་མཆོད་མེ་ལས་ཏེ། འདུ་ཁང་ནང་།་ མར་མེ་ཉིན་འབར་མཚན་འབར་མ་ཆད་པར་བྱ་དགོས། དེ་མིན་སྐབས། སོ་སོའི་དཔེ་ཆ་མཇལ་བའམ། བོན་འཆད་ཉན་བྱེད་པའམ། དཔེ་ཆ་དང་བྲིས་སོགས་ཡོན་ཏན། སློབ་སྦྱོང་བྱེད་པའམ། ཡང་ན་ཕྱག་བསྐོར་སྒྲིབ་སྦྱོང་སོགས། མཚན་བཅས་མཚན་མེད་ཀྱི་དགེ་སྦྱོར་གང་འགྲུབ་བྱེད་པ་ལས། དོན་མེད་རྣམ་གཡེངས། བརྩེ་འཇོ་སོགས་ཀྱི་དུས་འདའ་མི་རུང་།  ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག ་ཕྱི་ཇ་བཞེས་ཏེ་བསྟན་སྲུང་སྲིད་རྒྱལ། ཐུགས་སྒྲུབ་ཀྱི་གཞུང་བསྲང་ནས། སྙིང་པོ་ཚར་བརྒྱ་ཡན་བགྲང་ཏེ་ཚོགས་འབུལ།  དེ་ནས་དབལ་མེ་ཕུར་ཁྱུང་སྟག་ལ་སོགས། ཡི་དམ་དང་། སྲིད་རྒྱལ་སོགས། བོན་སྐྱོང་རྒྱས་བསྐུལ་དང་། དབལ་གསས་ཀྱི། དམར་ལམ་གཏོར་འབུལ། བྲོ་ཚེ་སྒྲུབ་བཅས་འདོན་ནས་གསང་མཚམས་བཅད། དེ་ནས་བྱམས་མ་སྔགས་བསྟོད་དང་། སྟག་ལ་བཅུད་དྲིལ། དུ་ཏྲི་སུ་འདོན་ནས། བདུད་བཟློག་བྱ། དེ་ནས་ཚེ་སྒྲུབ་བྱ་རི་མའི་གཞུང་ངམ། ཚེ་སྒྲུབ་སྙིང་པོ་གང་ལྕོགས་བགྲང་། དེ་ནས་རྣམ་རྒྱལ་ནོར་བུ་སྨོན་ལམ་སོགས། སྨོན་ལམ་རྣམ་གསུམ་དང་། ཚེ་དབང་སྨོན་མལ་གཉིས་རེས་མོས་དང་། སྒྲིབ་སྦྱོང་འདོན་ནས། གསུར་བཏང་ཏེ། གསུར་སྦྱིན་དང་། བསྔོ་བ་སྨོན་ལམ་གདབ། དེ་ནས་སྨོན་ལམ་བསྟན་འབར་མ་གསུང་ཏེ། སྤྱིར་སངས་རྒྱས་གཡྲུང་བོན་གྱི། མདོ་སྔགས་སེམས་གསུམ་གྱི་བསྟན་པ། བཤད་སྒྲུབ་སྒོམ་གསུམ། འཆད་རྩོད་བརྩམ་གསུམ། སོགས་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་ཁྱུང་པོ་ནག་རུ་དགོན་གྱི། སྒོམ་སྒྲུབ་ཀྱི། བསྟན་པ་མི་ཉམས་ཤིང་གོང་ནས་གོང་དུ། འཕེལ་ཞིང་རྒྱས་པས། ཐུགས་བསྐྱེད་སྨོན་ལམ་མཛད་དགོས།  དེ་ནས་དགོང་མོ་ཆུ་ཚོད་བདུན་པའི་ཐོག ཐུག་པ་བཞེས། དེ་ནས་འགའ་རེའི་འདུལ་བ་གསོ་སྦྱོང་འདོན། འགའ་རེའི་ཕྱག་གང་འབྱོར་འཚལ་ཏེ། མདོ་སྔགས་སེམས་གསུམ་གྱི། སྡོམ་པ་དང་དམ་ཚིག་ལ། ཁས་བླང་འཆག་ཉམས་འགལ་འཁྲུལ་གང་སོང་བ། ཐམས་ཅད་བཤགས་པ་འབུལ།  དེ་ནས་ཆགས་མེད་ལུས་ཀྱི། སྦྱིན་པ་གཏོང་སྟེ། གཅོད་འདོན་དེ་ནས་བསྔོ་བ་སྨོན་ལམ་གྱི་རྒྱས་གདབ། ཏིང་ངེ་འཛིན་ལ་ཐུན་གཅིག་བཞུགས། དེ་ནས་གཉིད་དང་འོད་གསལ་བསྲེ་བར་བྱ་དགོས་སོ། ཟླ་བ་བྱུང་ངོ་ཅོག་གི་ ཚེས་གསུམ་ཉིན། ཟླ་གསོལ། བརྔན་མདོས་དང་། སྲིད་རྒྱལ་དྲིལ་ནག ་བདུད། བཙན་ཨ་བསེ། རྒྱལ་པོ་ཤེལ་ཁྲབ་བཅས་ཀྱི། གསོལ་ཁ་འབུལ་དགོས་ལ། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད། བཅོ་ལྔ། ཉེར་གཉིས། སུམ་ཅུ་བཅས་ལ། ཤ་ཆང་སྒོག་གསུམ་སྤངས་ཏེ། དབལ་གསས་དང་། མ་བདུད་བཙན་རྒྱལ་ལྔའི། ཚོགས་བརྒྱ་རེ་ཡན་ཆད་མེད་འབུལ་དགོས། ཡི་དམ་དང་སྲུང་མའི། གཞུང་མཆོད་དང་། ཚོགས་མཆོད་འདོན་པའི་སྐབས། སྨན་རག་དང་ཚོགས་གཏོར་ཚིག་བཤད་ལྟར་འབུལ་དགོས། དབལ་གསས་བསྐང་བ་དང་སྲུང་མའི་བསྐུལ་པ་འདོན་སྐབས་དང་། བཀའ་སྐྱོང་རྒྱས་བསྐུལ་འདོན་སྐབས། ལྷ་སྡེ་ཚན་རེ་ལ། སྨན་རག་གཏོར་གསུམ། ཆ་རེ་མ་ཆད་པ་འབུལ་དགོས། གཏོར་འབུལ་གོང་འོག་བར་གསུམ་ལ། སྨན་རག་གཏོར་གསུམ་ཆ་རེ་འབུལ་དགོས། སྨན་གྱི་ཁ་སྐོང་འདོན་སྐབས། ཆང་ཕུད་ནམ་མཁར་མཆོད་དགོས་ལ། ཚོགས་ཀྱི་ཁ་སྐོང་འདོན་སྐབས། ཚོགས་གཏོར་ནམ་མཁར་མཆོད་དགོས། དམར་ལམ་གཏོར་འབུལ་སྐབས། ཁ་སྐོང་འདོན་དུས། ཆང་ཕུད་ནམ་མཁར་མཆོད་དགོས། དེ་ལྟར་སྤྱིར་སངས་རྒྱས་གཡྲུང་བོན་གྱི་བསྟན་པ། འཛིན་སྐྱོང་སྤེལ་གསུམ་མཛད་པས། བསྟན་འཛིན་སྐྱེས་མཆོག་རྣམས། སྐུ་ཚེའི་ཞབས་པད་བརྟན་པས་ཆེད་དང་། སྒོས་སུ་ཁྱུང་པོ་ནག་རུ་དགོན། གཡྲུང་བསམ་གཏན་གླིང་གི་བསྟན་འཛིན་སྐྱེས་བུ། བླ་མ་མཁན་སློབ་གྲྭ་བཙུན་རྣམས། ཐུགས་མཐུན་ཁྲིམས་བཙུན་ངང་། བསླབ་གསུམ་བསྟན་པ། འཛིན་སྐྱོང་སྤེལ་བ་དང་།  ཚེ་རིང་ནད་མེད་དགེ་སྦྱོར་འཕེལ་བས་ཆེད་དང་།   འབྱོར་ལྡན་སྦྱིན་བདག་ཕོ་མོ། ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་བས་ཆེད་དུ། འདོན་རྒྱུ་སྒྲུབ་རྒྱུ་མཆོད་རྒྱུ་བཅས། ཉིན་ལྟར་མ་ཆད་པར་བྱེད་དགོས། འདོན་མཆོད་བཟླས་གསུམ་ཡ་མ་བྲལ་བ་དང་། ལུས་ངག་ཡིད་གསུམ། ཚུག་མ་ཤོར་བས་སྒོ་ནས། ཉིན་ལྟར་རྔ་གཤང་གི་སྒྲ་མ་ཆག་པ་དང་། སྨན་རག་གི་མཚོ་མ་སྐེམ་པར་མཛད་ན། མིང་དོན་མཚུངས་པའི། སྒྲུབ་ཁང་ལྷ་མཆོད་ཞེས། ཡིད་ཆེས་བློ་གཏད་ཆོག་པའི། སྒྲུབ་ཁང་ཚད་ལྡན་དུ་འདོད་དོ། ཞེས་པ་འདིའང་སྔར་ནག་རུ་དགོན་པའི་སྒྲུབ་ཁང་ནང་ཡི་དམ་དབལ་གསས་ཞི་དྲག་དང་། བསྟན་སྲུང་སྲིད་རྒྱལ་དྲིལ་ནག་ སྒེར་སྲུང་བྲག་བཙན་དམར་པོ་འདོན་སྲོལ་ཡོད་རེད་ཅེས། གྲྭ་རྒན་འགུ་ནེ་རྟོགས་ལྡན་དང་། ཤར་ལི་རྟོགས་ལྡན། མི་རྒན་སི་སྡེར་ཚེ་རིང་དང་། མ་ནི་བསོད་དྲག་སོགས་ཀྱི་བཤད་པ་གོ་ཐོས་བྱུང་བས། ཕྲན་གྱིས་ཞིབ་ཕྲ་ཞུ་འདྲི་བྱས་པ་ཡིན་ལ། ཕྱིས་སུ་ཆོས་དད་རང་མོས་སྐབས། དགོན་པ་ཐོག་མར་གསར་རྒྱབ་དུས།༡༩༩༢ལོར། བླ་མ་པད་མ་ཀུན་ལེགས་དང་། མཁན་པོ་བོན་དབྱིངས་རང་གྲོལ་རྣམས་གཉིས་ཀྱིས། སྒྲུབ་ཁང་ལྷ་མཆོད་གསར་འཛུགས་སྐབས། གྲྭ་རྒྱལ་བ་ཚུལ་ཁྲིམས། སྒྲུབ་ཁང་ལྷ་མཆོད་བཞག་དུས། འདོན་རྒྱུ་གོང་བཤད་དེ་ཚོ་འདོན་པ། ཕྲན་གྱི་མཐོང་བ་མངོན་སུམ་ཚད་མ་ལ་གཞི་བཅོལ་ཏེ། ༢༠༠༥་ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན། ཁྱུང་ཞུ་འོད་རྒྱས་པས་བྲིས་པ་དགེའོ།། །།  དེ་ནས་༢༠༠༥་ལོའི་སྤྱི་ཟླ་༡་་པོའི་ཚེས་༡༡་་ཉིན་མཚམས་གྲོལ་ཏེ། བླ་མ་གྲྭ་པ་ཚང་མ་རེ་རེ་བཞིན་ལ། ངོ་གཏུག་ནས་ཆ་རྒྱབ་སྟེ། ཚེས་་༡༣་་ཉིན་དགོན་པ་འཚོགས་མི་ཕེབས་འོང་རོགས། སྐུ་ཚེ་རིང་ངས་རེ་བ་ཡིན། དགོན་པར་འཚོགས་མི་ཅིས་ཀྱང། བྱོན་འོང་རོགས་ལབ་པ་ཡིན།  ཚེས་་༡༣་་ཉིན། འཚོགས་མཁན་བླ་གྲྭ་འབྱོར་བ་ནི  འོད་རྒྱས། ཚུལ་འོད། བྱང་རྒྱལ། བློ་ལྡན། རྒྱལ་ཚུལ། ལྔ་ནི་རྒྱུན་སྡོད་དང་། གསར་འབྱོར། ཚུལ་ཉི། དཔལ་མཆོག་ ཉི་མ་འོད་ཟེར། མི་ནུབ་རྒྱལ་མཚན། བསོད་ནམ་དབང་འདུས། བློ་གྲོས་འབྱུང་གནས། བསྟན་ཚུལ། གཙུག་ཕུད། སྐལ་ཐར། ཤེས་བློ། སྨོན་ཕུན། སྒོང་བཙོན་འགྲུས། པད་དགའ། མི་འགྱུར། སྨོན་བསྟན། བཅས་དང་། ཞེ་དགུ་བཞུགས་བསྡད་པ། ལུང་རྟོགས། དཔལ་ལྷ། ཚུལ་དཔལ།  སྟེང་ཆེན་དགོན་དུ་སྒྲུབ་གྲྭ་ཟུར་བཞུགས། བཟོད་པ་དང་།   ཆ་འཕྲོད་ཀྱང་ཁྱིམ་ལ་བཞུགས་ནས། དགོན་པར་འཚོགས་མི་མ་བྱོན་པ དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བླ་རྒན་གཡུང་གྲགས། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། མཁན་པོ་བསམ་དགེ་ དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དབུ་མཛད་ཡས་རབ། གྲྭ་གཡུ་ལྷ། ཀུན་དགའ། ཉི་མ། སྐལ་བཟང་བཅས་སོ། དེར་ངེད་ཚོའི་ཁྲོ་བོའི་ཚོགས་འཁོར་དང་། སྲུང་བཟློག་བཅས་ཉིན་གསུམ་ལ་སྟོན། སྤྱི་ལོ་་༡༩༩༩་ལོར་དགོན་པའི་འདུ་འཚོགས་ཆད་དེ། ལོ་ངོ་བདུན་སོང་ཡང་། ད་ལོ་༢༠༠༥་ལོའི་ཟླ་་༡་་པོའི་ཚེས་་༡༣་་ཉིན། དགོན་པའི་འདུ་འཚོགས་སླར་གསོ་བྱུང་བས།  ཚེས་་༡༦་་ཉིན་དགའ་སྟོན་རྟེན་འབྲེལ་བྱས། དེ་སྐབས་ཕྲན་གྱི་ད་ནས་བཟུང་། རིམ་བཞིན་དེ་སྔའི་དགོན་པའི་འཚོགས་འདུ་བ་གང་ཡོད་བསྐྱར་གསོ་བྱེད་དགོས་པ་དང་། དེ་ནས་ལོ་ལྟར་དགོན་པར། འདུ་འཚོགས་མ་ཆད་པ་བྱེད་རྒྱུ་དང་། བླ་གྲྭ་རྣམས་དགོན་པར་རྒྱུན་བཞུགས་ཀྱི། མཚམས་བསྙེན་སྒྲུབ་དང་། ཡོན་ཏན་སློབ་སྦྱོང་། ཡང་ནས་སྒྲུབ་གྲྭ་དང་སྒོམ་གྲྭ་གང་རུང་འཛུགས་ཏེ། བླ་གྲྭ་རྣམས་ཀྱི། བོན་ཡང་དག་པ། ཉམས་ལེན་བྱེད་དགོས་པའི་རེ་བ་བཏོན་པ་ཡིན་ལ། དེ་སྔོན་བསྟན་འབར་སྨོན་ལམ། ༼་་ན་མོ་བསླུ་མེད་་༽འདོན་སྐབས། ༼་་མདོ་སྔགས་ཟུང་འབྲེལ་གཤེན་བསྟན་སྨན་རི་བ་་༽ཟེར་སར། དགོན་པ་གཞན་གྱི་མིང་འབོད་འདོད་མེད་པ་དང་ ༼་་ཁྱུང་ནག་བསམ་གཏན་གླིང་་༽ཅེས་པའང་ཁ་བསྒྱུར་མི་བྱ་བར། ༼་་མདོ་སྔགས་ཟུང་འབྲེལ་གཤེན་བསྟན་གཡུང་དྲུང་བོན་་་༽ ཞེས་འདོན་བཞིན་འདུག་པ་རྒྱུན་འབྱམས་སུ་ཁྱབ་སྟེ། ཚང་མའི་དེ་བཞིན་ཁ་བསྒྱུར་འདུག་པས། ཕྲན་གྱི་ང་ཚོ། ནག་རུ་དགོན་པའི་བླ་གྲྭ་རྣམ་པས། གཞན་ལ་དཔེ་བལྟས་ན།  སྨོན་ལམ་བསྟན་འབར་མ་འདོན་སྐབས། ཁ་བསྒྱུར་ ༼་་ཁྱུང་ནག་བསམ་གཏན་གླིང་་༽ཞེས་འདོན་འོས་ན་ཡང་། ང་ཚོའི་བླ་གྲྭ་རྣམས་ཀྱི། ང་ཚོའི་དགོན་པ་ལ། སེམས་གཏིང་ནས་རེ་ཐག་ཆད་དེ། ང་ཚོའི་དགོན་པའི་བསྟན་པ་དར་རྒྱས་ཡོང་བས། སྨོན་ལམ་ཙམ་ཡང་འདེབས་འདོད་མེད་པ་གྱུར་སོང་བ་རེད་འདུག་ འོན་ཀྱང་ད་ནས་བཟུང་། ང་ཚོའི་བླ་གྲྭ་རྣམ་པས་རང་བསྟན་རང་འཛིན་དང་། རང་ལྷ་རང་མཆོད་བྱེད་དེ། དགོན་པ་དར་རྒྱས་གཏོང་ན། དགོན་པ་དར་རྒྱས་ཡོང་ཐག་ཆོད་རེད། ཁྱེད་བླ་གྲྭ་རྣམ་པ་ཡིད་ཐང་ཆད་རྒྱུ་ཡོད་མ་རེད། སེམས་སྟོབས་བསྐྱེད་དང་། དགོན་པ་དར་རྒྱས་ཡོང་ངེས་རེད། སྨོན་ལམ་འདོན་དུས། ༼་་ཁྱུང་ནག་བསམ་གཏན་གླིང་་༽ ཞེས། ཁ་བསྒྱུར་དགོས་སོགས་བཤད་པ་ཡིན།  དེ་སྐབས་དགོན་པར་འདོན་ཆའི་བསྐོར། གསོལ་ཁ་གསུམ་ལས་མི་འདུག་པས། ཁོང་རྣམ་པར། དགོན་པ་ལ། སྔོན་མ་འདོན་ཆ་སྐོར་ཡོད་རེད་དམ་དྲིས་པས། དབལ་གསས་སོགས་དཔོད་འགའ་ཞིག་ཡོད་རེད་ཐལ། དགོན་པར་མི་སྡོད་མཁན་མེད་སྐབས། བོར་སོང་བའམ། དགོན་པ་འགྱེལ་སྐབས་སས་མནན་སོང་བ་མི་ཤེས་ཟེར། དེ་ནས་དགོན་པར་གྲྭ་རྒན་བཞི་ང་དང་ལྔ་ལས། བླ་གྲྭ་ཚོ་སོ་སོའི་ཁྱིམ་ལ་ཕེབས་སོང་།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.