སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། ༡༠ | 2013/11/5 12:55:00

 ཕྲན་་རང་ཚེས་་༡༨་་ཉིན་ལྷ་མཐོང་ཚུན་གྱི་འགོ་ཁྲིད། རྣམ་རྒྱལ་དང་བསོད་ནམ་དོན་འགྲུབ་གཉིས་སར་སོང་སྟེ། དགོན་པའི་འབུ་ལྡོམ་འགྲོ་བྱེད། རྟ་རྒྱབ་རོགས་ལབ་པས། ཁོང་གཉིས་ནས་ཚུན་ལ་རྟ་རེས་ཡོད་མ་རེད། ད་ལྟ་རྟ་གཡར་རྒྱུ་རྙེད་མ་རེད་ཟེར། དེར་ངས་ཁྱིམ་དུ་རྟ་གཉིས་ཡོད་པ། དགོན་པ་འབུ་ལྡོམ་འགྲོ་བྱེད་གཡར་རོགས་ལབ་པ་དང་། གྲྭ་བཙུན་དཔལ་ལྷར། རྟ་གཅིག་གཡར་རོགས་ལབ་པས། ཁྱིམ་ལ་རྫོ་དགོས་ཟེར་བས། ཉང་ཡུལ་བླ་བ་ཚང་ལ་སོང་ནས། རྟ་གཡར་རོགས་ལབ་པས་ཡ་ཟེར། དེར་བླ་བ་ཚང་ལ། སུ་སྡེར་གྲྭ་གཡུང་དྲུང་བསྟན་འཛིན། ཆང་འཐུང་བཞིན་བསྡད་འདུག་པས། དེ་ལ་ངས་ད་གྲྭ་པ་ཐམས་ཅད། དགོན་པར་སྡོད་དགོས། ཁྱོད་རང་ཡང་དགོན་པར་ཡར་ཤོག་ལབ་པས། ཁོས་ང་དགོན་པར་སྡོད་ཁོམ་མེད། ཁྱོད་ཀྱི་གྲྭ་པ་ཚང་མ། དགོན་པར་སྡོད་དགོས་རྐྱང་རྐྱང་རྫོ། སོ་སོའི་དགེ་བ་སོ་སོའི་སྒྲུབ་ཅི་འདོད་ཀྱི། ཆོས་དད་རང་མོས་ཡིན་པ་ཁྱོས་ཨེ་ཤེས། དགེ་བ་སྒྲུབ་ནས་དགོན་པར་སྡོད་ཁོམ་ཡོད་ན། དགོན་པ་ག་ས་ག་ལ་ཡོད་རེད། ང་ཁོམ་ན་རྩེ་དྲུག་ལ་འགྲོ་དགོས།  ང་གར་བསྡད་གར་སོང་ཀྱང་ཁྱོད་ལ། ཇུས་རྟོགས་ཅི་ཡོད་ཟེར་བས། དེར་ངས་དགོན་པར་མ་བསྡད་ན། ཁྱོད་གྲྭ་པ་བྱས་པ་འཕྲོ་བརླགས་རེད། ད་ལྟ་སྡེ་ནང་ལ་བླ་མ་གྲྭ་པ་མང་པོ་ཡོད་རེད་དེ། དགོན་པར་སྡོད་མཁན། བླ་མ་གྲྭ་པ་གཅིག་ཀྱང་མི་འདུག་ དགེ་བ་གར་རེད་ལ་སྒྲུབ་ཆོག་ཀྱང་། རང་ཡུལ་གྱི་དགོན་པ། ཆགས་འཇིག་གི་འགག་རྩའི་སྐབས་སུ། ང་ཚོའི་བླ་མ་གྲྭ་པས། དགོན་པར་ཤུགས་མ་རྒྱོབ་པར། སྣང་མེད་དུ་བསྐྱུར་བཞག་སྟེ།  ཁྱིམ་ཚང་དང་ཆང་རག་ལ་མགོ་འཁོར་བསྡད་ན། སུས་དགོན་པ་ལས་འོང་རེད། དགོན་པ་ནང་ལ་བླ་མ་གྲྭ་པ་འདུག་རྒྱུ་ནི། ང་ཚོ་བླ་མ་གྲྭ་པའི་འགན་འཁྲི་རེད་ལ། སྲོལ་རྒྱུན་རེད། མིང་བླ་མ་མཁན་པོ་དང་གྲྭ་མ་ཡིན་རྫོ། དོན་ལ་སྡོད་ས་ཁྱིམ་ནང་ལ་བྱེད། ལས་དཀའ་འཁོར་བའི་གཡོག་པོ་བྱེད། དགོན་པར་ཞག་རེ་ལའང་སྡོད་མི་མྱོང་བར། མི་ཚེ་གྲོང་ནག་དུ་ཟད་ན། གྲྭ་པ་ཨེ་རེད་ལབ་པས། ཁོས་ཁྱོད་འདུག་བསམ་ན། དགོན་པར་འདུག་མི་འཇོག་ ང་ཚོ་གྲྭ་པ་ལ་ཇུས་རྟོག་བྱེད་ཟེར་ནས། གྲི་ཐུང་ཞིག་ཕྲན་གྱི་ སྐེ་ལ་གཙུག་བྱུང་བས། ཕྲན་གྱི་ལག་པའི་བཀག་ཀྱང་། བཀག་མ་ཐུབ་པར་འགྲམ་པར་གྲི་གཙུག་ནས། ཟུང་ཁྲག་ས་ལ་བཞུར་སོང་། དེ་ནས་རྫོང་སྨན་ཁང་དུ་ཚེས་་༢༨་་བར་སྨན་བཅོས་བྱས། དེའི་རིང་འདི་ལྟར་སྙམ། གྲྭ་པ་ཚོ་དགོན་པར། སྡོད་འདོད་ཡོད་ན་མ་གཏོགས། ད་དགོན་པར་སྡོད་དགོས་པས། བསླབ་བྱ་བྱེད་རྒྱུ་མི་འདུག་ ད་དངོས་གནས་ཆོས་དད་རང་མོས་རེད་འདུག་ དགོན་པར་སྡོད་ཟེར་ཆེ་ན། རང་གི་སྲོག་ཀྱང་ཤོར་ས་རེད། བསམ་པ་འཆར་བྱུང་། དེ་ནས་ད་ལྡོམ་བུ་འགྲོ་རྒྱུ་སྐྱུར་བཞག་ན་ནི། དགོན་པར་གྲྭ་པ་འགའ་སྡོད་མི་སྙེད་ན། འཚོ་བས་རོགས། བྱེད་ཐབས་མི་འདུག་ དགོན་པར་བླ་གྲྭ་སྡོད་མི་ལ། འཚོ་བ་དགོན་པ་ནས་མ་སྤྲད་ན། དགོན་པར་བླ་གྲྭ་སྡོད་མི། སྙེད་ས་མ་རེད་བསམ་ནས། ཚེས་་༢༩་་ཉིན།  གྲྭ་ཉི་མ་དང་ཕྲན་གཉིས། རྒྱག་ཆས་ཀ་སོ་སོའི་ཁྱེར། བྱིན་རླབས་དང་སྲུང་མདུད་ངས་ཁུར་ནས།  སྤུ་ཐོག་ཁར་འབུ་ལྡོམ་སོང་། འབུ་་༩༧༨་་བྱུང་བ་དང་། ཟླ་བ་་༦་་པའི་ཚེས་་༡་ཉིན་ཚུར་འཁོར། དེ་སྐབས་དགོན་པར་བཞུགས་མཁན་རྣམས། སོ་སོའི་ཁྱིམ་ལ་མར་བྱོན་ཏེ། དགོན་པར་བཞུགས་མཁན་མེད་པར་གྱུར་འདུག  ཚེས་་༥་་ཉིན། གྲྭ་ཉི་མ་དང་ལྷན་དུ་རི་གཞུང་འབོ་གཞུང་བཅས་སུ་འབུ་ལྡོམ་སོང་། ཚེས་་༡༥་་ཉིན་ཚུར་དགོན་པར་འབྱོར། འབུ་་༨༦༦་་བྱུང་འདུག་ ཚེས་་༡༦་་ཉིན་གྲྭ་དཔལ་ལྷ་དང་། འབོ་ནོར་བུ་གཉིས་དང་ལྷན་སྤུ་ཐོག་འབུ་བཙོང་བས། འབུ་སྲང་༠་༦༨༝༡༣༠༠=༨༨༤༠་་ཁྱོན་སྒོར་༨༨༤༠་ཁུག་འདུག་ དེ་ནས་ཚེས་་༡༧་ཉིན། གྲྭ་དཔལ་ལྷ་དང་ངེད་གཉིས། ཁྲ་ལྕམ་སྡོང་རོགས་སོགས་སུ། འབུ་སློང་མོ་སོང་། ཚེས་་༢༣་་ཉིན་ཚུར་འཁོར། འབུ་༦༥༨་་བྱུང་འདུག་ དེ་ནས་ཚེས་་༢༦་་ཉིན་། ཨ་རྔ་ཚེ་དབང་གཡྲུང་དང་། ཙུའུ་ཀྲང་བཀྲ་ཤིས་དོན་འགྲུབ། བ་ས་གཡྲུང་ཚེ་རིང་། གསུམ་གྱི་རོགས་བྱས་ཏེ། འབོ་གཞུང་འབུ་དང་ཁྲ་འབུ་བཙོང་བས།  འབོ་གཞུང་འབུ་སྲང་༠་༤༩༝༡༤༥༠༠=༧༡༠༥་་ཁྲ་ལྕམ་སྡོང་གསུམ་འབུ་སྲང་༠་༣༝༡༤༥༠༠=༤༣༥༠་ཁྱོན་སྒོར་༡༡༤༥༥་་བྱུང་འདུག་ འདི་ལོ་འབུ་དངུལ་ཁྱོན། སྒོར་༢༠༢༩༥་་འདུག་ དེ་ནས་ཉི་མ་ལ་འབོ་གཞུང་དང་སྤུ་ཐོག་ལ། གླ་ཆ་དང་སྣམ་རིན་སྒོར་༡༢༥༠་དང་། དཔལ་ལྷར་ཁྲ་ནང་གླ་ཆ་སྒོར་༣༠༠་སྤྲད། དེ་སྐབས་མཁན་པོ་བསམ་དགེ་སོགས། གྲྭ་པ་འགའ་དམར་པོ་ཐང་ལ་། དགའ་དགའ་གཏོང་སྟེ། ཤ་མར་ཆང་གསུམ་དང་ སྦུ་ཆང་དང་བཏུང་བྱ་སྣ་ཚོགས། མངར་རིགས་སོགས་བཟའ་བཏུང་བྱེད་བཞིན། ཤོ་བག་གི་རྩེ་འཇོ་ལ་རོལ་བཞིན། ཞག་མ་འགར་བཞུགས། ཕྲན་ལྡོམ་བུ་འགྲོ་ས་ནས། ཚུར་འཁོར་ནས། དགོན་པར་ཞག་ཤས་འདུག་སྐབས། རང་གཅིག་པུ་ལས་ཁོང་རྣམ་པ་སྔོན་ནས། ཁྱིམ་ལ་མར་བྱོན་ཚར་འདུག་པས། ད་འདི་ལྟར་དགོན་པར། བླ་གྲྭ་རྒྱུན་བཞུགས་བྱེད་མཁན་མེད་ན། ང་མི་གཅིག་དགོན་པར་བསྡད་པས་ཅི་ཕན། དེ་ལས་གྲྭ་རྒན་འགའ། དགོན་པར་བཞུགས་རོགས། ཞུ་དགོས་སྙམ་ནས། ཚེས་་༢༨་་ཉིན་གྲོང་ཚོ་བཞི་པར་སོང་ནས། བ་ས་གྲྭ་ཚུལ་ཁྲིམས་འོད་ཟེར་ལ། ཁྱེད་དགོན་པར་སྒྲུབ་ཁང་ལྷ་མཆོད། བཞུགས་རོགས་ལབ་པས། ཁོང་གི་ང་ཚོ་ནག་རུ་དགོན་པ་ལ། དེ་སྔ་གྲྭ་རྒྱལ་བ་ཚུལ་ཁྲིམས་དང་། སྐལ་བཟང་ཐར་པ་སོགས། སྒྲུབ་ཁང་སུ་བསྡད་ཀྱང་། དང་པོ་བླ་མ་མཁན་པོ་རྣམས་པས། ཅི་དྲགས་གང་དྲག་བྱེད་འོང་ཅེས། མང་པོ་བཤད། སྒྲུབ་ཁང་གི་མིང་ཁུར་ནས། དགོན་པར་འདུག་དུས། སྡེ་མང་ཚོགས་ཀྱི། བསྐང་གསོལ་ལམ་ལྷ་དང་། བསྔོ་འབྲེལ་སོགས། ལོ་རེ་ལ་སྒོར་བརྒྱ་རེ་ཡང་། འབུལ་མཁན་མེད་པ་དང་། བླ་མ་གྲྭ་པ་རྣམས་དགོན་པར་འོང་མཁན། གཅིག་ཀྱང་མེད་པ། དགོན་པར་སྡོད་ངེས་བྱེད་སྐབས། ཆུ་འཚོ་བ་དང་། ལྕི་ཤིང་ཆད་འགྲོ་བ། དགོན་པའི་ཁང་པ་ལ། ཐིག་པ་རྒྱབ་ཀྱང་ས་བླུག་མཁན་མེད་པ། བླ་མ་མཁན་པོ་ལ། ཆ་དང་ཡི་གེ་གཏོང་ཡང་འོང་མཁན་མེད་པ། དེ་འདྲ་རེད་འོང་ན། དངོས་གནས་དཀའ་མོ་རེད་ཟེར། དེར་ཕྲན་ནས། དེ་འདྲ་ཡོང་རྒྱུ་མ་རེད། དེ་སྔོན་དངོས་གནས། དེ་འདྲ་བྱས་པ་བདེན་པ་རེད། ད་ལྟ་ཕྲན་གྱི་འགན་ཁུར་ཏེ། དགོན་པར་རྒྱུན་སྡོད་གྲྭ་པ་ཐམས་ཅད་ལ། འཚོ་བའི་ཐད། གཅིག་ནས་དགོན་པ་གཞུང་གི་ འཚོ་བའི་འགྲོ་སོང་ཡོང་རྫོགས་བཏང་རྒྱུ་ཡིན་ལ། གཉིས་ནས་སྡེ་མང་ཚོགས་ལ་བསྐུལ་སློང་བྱས་ཏེ། བསྐང་གསོ་ལམ་ལྷ་དང་། བསྔོ་འབྲེལ་ཞེ་དགུ་ སོགས། རང་གི་དགོན་པར་འབུལ་དགོས་པའི། གནས་ལུགས་རྒྱུ་མཚན་བཤད་དེ། དགོན་པར་བཞུགས་མཁན་རྣམས་པ། འཚོ་བ་རང་ཁ་རང་གསོ་ཡོང་བས། འབད་བརྩོན་བྱེད་རྒྱུ་ཡིན། གསུམ་ནས་བླ་གྲྭ་རྣམས་ལ། རིམ་བཞིན་བསྒྲིགས་ལམ་བཞག་སྟེ། གྲྭ་པ་རྣམས་དགོན་པར་རུག་ཐུབ་པ་དང་། ལྡོམ་བུ་འགྲོ་ཐུབ་པ་བྱེད་ནས། དགོན་པར་སློབ་གཉེར་དང་སྒོམ་སྒྲུབ་མཛད་དེ། བཞུགས་མཁན་གྲྭ་པ་སུ་འདྲ་ཡིན་ནའང་། འཚོ་བ་དང་སྡོད་གནས། ཕྲན་གྱི་ཐབས་ཤེས་བྱེད་ངེས་ཡིན། བཞི་ནས་སྡེ་ཡོང་རྫོགས་ལ། ལྕི་ཤིང་རང་དགོན་པར་འབུལ་རོགས་ཞེས། བསླབ་བྱ་བྱེད་དེ། ལྕི་ཤིང་མ་ཆད་པས་ཐབས་ཤེས་བྱེད་ངེས་ཡིན། ལྔ་ནས་གྲོང་ཚོ་རེ་རེ་བཞིན་ལ་འགྲོ་སྟེ། དེ་སྔའི་བླ་རྒན་དམ་པའི་རྗེས་བཞག་ དགོན་པའི་ལོ་དུས་ཀྱི། འདུ་འཚོགས་དེ་ཚོ། བསྐྱར་གསོ་བྱེད་ངེས་ཡིན། དྲུག་ནས་བླ་མ་མཁན་པོ་དང་གྲྭ་པ་ཐམས་ཅད། དགོན་པར་མ་བཞུགས་ཀྱང་། ང་ཁྱེད་རྣམ་་པ་དང་མཉམ་དུ། དགོན་པར་སྡོད་ངེས་ཡིན། ལབ་པ་ཡིན། ཁོང་ནས་དེ་འདྲ་ཡིན་ན་ལེགས་སོང་། འོན་ཀྱང་དེ་སྔའི་འགན་ཁུར་ཚོའི། ག་འདྲ་བྱེད་འོང་ན་མི་ཤེས། ད་ཕན་ཁྱེད་ཀྱི་དངོས་གནས་འགན་ཁུར་ས་སྙེད་ན། ཁྱེད་ཀྱི་གསུང་པ་ལྟར་འགྲུབ་འོང་ན་མི་ཤེས། དེ་མིན་ང་ཚོ་ནག་རུ་བླ་མ་མཁན་པོ་དང་། གྲྭ་པ་ཐམས་ཅད་ཆང་རག་དང་། དཀོར་ལ་མགོ་འཁོར་ནས། དགོན་པ་ལ་འགན་ཁུར་འོང་རེད་བསམ་པ་མེད། མ་གཞི་ཁོང་བླ་མ་མཁན་པོ་དང་། གྲྭ་པ་ཐམས་ཅད་ཀྱིས། ང་ཚོ་དགོན་པར། བསྡད་བཅུག་རེད་དམ་ཟེར་བས། ངས་དགོན་པར་སྡོད་མི་ཆོག་ ཟེར་འོང་མཁན་ཡོད་རྒྱུ་མ་རེད། ཁྱེད་ཀྱི་ང་ལ་ཡིད་ཆེས་མེད་ན། སྒྲུབ་ཁང་ལོ་འདི་ཚད་ཀྱི། ཚད་གཞི་མི་བཟོ། ཁྱེད་ལོ་དང་ཟླ་བ་ག་ཚད། བཞུགས་ཐུབ་ནའང་ཁྱད་མེད། དང་པོ་ཚོད་ལྟ་བྱེད་ནས། དགོན་པར་ལན་གཅིག་བྱོན་འོང་རོགས། ད་ལྟ་དགོན་པར། ང་མི་གཅིག་ལས་སྡོད་མཁན་མེད་པས། དཀའ་མོ་གདའ་ལབ་པ་ཡིན། དེ་ནས་ཁོང་གི་ཚེས་བཟང་ཞིག་ལ། དགོན་པར་སླེབས་འོང་གསུང་། དེ་ནས་ཁོང་གི་གཅུང་པོ། བ་ས་གྲྭ་ཚུལ་ཁྲིམས་བློ་ལྡན་སར་སོང་ནས། ཁྱེད་སྤུན་གཉིས་མཉམ་དུ་དགོན་པའི། སྒྲུབ་ཁང་ལྷ་མཆོད་བཞུགས་རོགས་ལབ་པས། ཁོང་ནས་ཅི་རེད་ཐལ་བལྟ་འོང་ཟེར། དེ་ནས་གཟི་ཀིས་ལ་སོང་སྟེ། ཨ་རྔ་གྲྭ་བྱང་ཆུབ་རྒྱལ་མཚན་ལ། དགོན་པར་དབལ་གསས་མཚམས་པའམ། ཡང་ན་སྒྲུབ་ཁང་ལྷ་མཆོད་བཞུགས་རོགས་ལབ་པས། ཁོང་ནས་དང་པོ། ཁྱེད་ཀྱི་གཞན་དག་གྲྭ་པ། བཞུགས་མི་ཨེ་སྙེད་ལྟོས། གྲྭ་པ་འགའ་བཞུགས་མི་སྙེད་ན། ང་དགོན་པར་སླེབས་འོང་། དེ་མིན་ང་དགོན་པར་བསྡད་ན་ཁོང་རྣམ་པ། གནོད་འགྲོ་རེད་ང་འདུག་ཕོད་མ་རེད་ཟེར། དེ་ནས་འོ་ལགས་སོ་ལབ་ནས། དགོན་པར་ཡར་འབྱོར། ཕྱི་ཉིན་གྲྭ་སྐལ་བཟང་ཐར་པ་སར་སོང་ནས། དགོན་པར་སྒྲུབ་ཁང་ལྷ་མཆོད། བཞུགས་རོགས་ལབ་པས། ཁོང་གི་ང་དེ་སྔ་༡༩༩༩་ལོ་ནས་༢༠༠༠་ལོའི་ལོ་འགོ་བར་ང་ཚོ་དགོན་པའི། སྒྲུབ་ཁང་ལྷ་མཆོད་བསྡད་ལེ་ཡིན། སྒྲུབ་ཁང་འདོན་བཞིན་བསྡད་ན། འཚོ་བ་དང་ལྕི་ཤིང་ཆད་འགྲོ་གདའ། འཚོ་བ་དང་ལྕི་ཤིང་སྒྲུབ་ལ་སོང་ན། སྒྲུབ་ཁང་ལྷ་མཆོད། ག་ས་གར་ལ་འཁྱམས་འགྲོ་གདའ་རྫོ་ནས། མི་ཁ་རྒྱབ་འོང་གདའ། དེ་སྔོན་ང་སྒྲུབ་ཁང་འདུག་སྐབས་མཁན་པོ་དང་། དབུ་མཛད་གཉེར་པ་སོགས་ཀྱིས། སྒྲུབ་ཁང་སྡོད་རོགས་གྱིས་དང་།  འཚོ་བ་ཇ་ཚྭ་དང་། མར་སྐྱུར་ར། ཙམ་པ་དངུལ་སོགས་ཟླ་རེ་བཞིན། ཕོག་རྒྱབ་འོང་ཟེར་ལ། སྡེ་ཡིས་བསྐང་གསོ་ལམ་ལྷ། འབུལ་འོང་རེད་ཟེར། ཟླ་བ་ཁ་ཤས་རེད་ཐལ། འཚོ་བ་དང་ལྕི་ཤིང་ཆད་སོང་ཐལ། ཕོག་རྒྱབ་མཁན་མི་གདའ་ལ། ནག་རུ་སྡེ་ཡི་ང་ཚོ་དགོན་པ་ལ། བསྐང་གསོལ་ལམ་ལྷ། འབུལ་མི་གཅིག་ཀྱང་མི་གདའ། དེ་མཚམས་ང་ཟ་རྒྱུ་ཆད་ཐལ། ཁྱིམ་ལ་འགྲོ་དགོས་བྱུང། ཁྱིམ་ནང་ནས་འཚོ་བ་ཁུར་ཏེ་བསྡད་པ་ཡིན། དེ་ནས་ལྕི་ཤིང་ཆད་ཐལ། དེ་མཚམས་ང་ཁེ་རུ་མ་དགོན་པར། མ་བསྡད་པར་སོང་བ་ཡིན། དེ་སྐབས་ང་ལ་ཕོག་རྒྱབ་འོང་བཤད་ཐོ་ལས། ཇ་སོགས་ཟ་རྒྱུ་བུ་ལོན་ཆད་བསྡད་པ། དེ་ཚོ་བསྐྱུར་ཤོག་ དངུལ་སྔ་ཕྱི་བསྡོམ་པས་སྒོར་ལྔ་བརྒྱ། ཆད་འདུག་པས། ད་ལྟ་ཁྱེད་འགན་ཁུར་ཡིན་ན། ང་ལ་སྤྲད་རོགས་ཟེར། ངས་ཁྱེད་དགོན་པར་བཞུགས་རོགས་བྱས་ན། ངས་ད་ལྟ་དངུལ་སྤྲད་འོང་། ཁྱེད་དགོན་པར་མ་བཞུགས་ན། ང་ཚོ་རྗེས་སུ་རྩིས་རྒྱབ་ཆོག་ལབ་པ་ཡིན། ཁོང་ནས་གལ་གལ། ང་ད་ལྟ་དགོན་པར། བསྡད་ཁོམ་མི་འདུག ་རྗེས་སུ་ཅི་རེད་ཐལ་བལྟ་འོང་ཟེར། དེ་ནས་གྲྭ་རྒྱལ་བ་ཚུལ་ཁྲིམས་ལ སྒྲུབ་ཁང་ལྷ་མཆོད་བཞུགས་རོགས་ལབ་པས། ཁོང་ནས་ང་ལ་ཅི་རྫོ་དགོས། ང་ན་ནིང་གཞེས་ནིང་ནས། སྒྲུབ་ཁང་ལྷ་མཆོད་ཡིན། ད་ལོ་གསུམ་ཙམ་ཡིན། སྐལ་ཐལ་བྱོན་ཚར་ནས། ང་སྒྲུབ་ཁང་ལྷ་མཆོད་བསྡད་པ་ཡིན་ཟེར། དེར་ངས་ཁྱེད་མང་ཆེ་བ། སྡེ་ནང་ལ་འདོན་པ་འདོན་མི་བྱོན་འགྲོ་གདའ། ངས་ད་ལོ་ན་ནིང་ཁྱེད་ཀྱི། སྒྲུབ་ཁང་ལྷ་མཆོད་ཀྱི། འདོན་པ་བཏོན་པ། མཐོང་མ་ཐལ་ཟེར་བས། ཁོང་ནས་ང་ཁོམ་སྐབས། ཞག་མ་བདུན་རེ་ཙམ་ལ་། བསྐང་གསོལ་འདོན་པ་ཡིན། དེ་མིན་བསྐང་གསོལ་འདོན་ནས། རྒྱུན་འདུག་བྱེད་དགོས་ན། འཚོ་བ་དང་ལྕི་ཤིང་ཆད་འགྲོ་གདའ་ཟེར།  དེར་ངས་སྒྲུབ་ཁང་ལ། འཚོ་བ་དགོན་པས་སྤྲད་མ་རེད་དམ། སྡེ་ཡི་འབུལ་བ་ག་ཚད། ཡོད་རེད་ལབ་པས། ཁོང་གི་དང་པོ་དགོན་པའི་འཚོ་བ། ཏོག་ཙམ་སྤྲད་སོང་། དེ་ནས་སྤྲད་མཁན་མི་འདུག་ སྡེ་ཡི་བསྐང་གསོལ་ལམ་ལྷ། རྒྱབ་མི་ནི་ཡོད་མག་ཟེར། དེ་ནས་ཚེས་༣༠་ཉིན་གྲོང་ཚོ་བཞི་པས། བཀྲ་ཤིས་ཉི་མས། ཕྲན་ངོ་སྤྲོད་འདོན་མི་འོང་རོགས་ཟེར་བས་དེར་སོང་བས། དེར་བླ་མ་དཔལ་མཆོག་དང་། མཁན་བསམ་དགེ་གཉིས་གདན་དྲང་འདུག་པས། ཁོང་གཉིས་ལ། ཕྲན་གྱིས་ད་ལྟ་ངེད་གསུམ་གྱི། བ་ས་གྲྭ་ཚུལ་ཁྲིམས་འོད་ཟེར་ཁོང་ དགོན་པར་སྒྲུབ་ཁང་འདོན་མི་བཞུགས་རོགས། ཞུ་མི་འགྲོ་ལབ་པས། བསམ་དགེ་ཡིས་ངས་སྔོན་མ་ནས། ཁོང་སྒྲུབ་ཁང་བཞུགས་རོགས་ཞུས་པ་ཡིན། ཁོང་གི་མིག་སྒྲིབ་འདུག་པས། ཡི་གེ་མཐོང་གི་མི་འདུག་གསུང་སྟེ། དགོན་པར་བཞུགས་རོགས་མི་བྱེད་འདུག་ཟེར། དེར་ངས་ཁར་སེང་སྒྲུབ་ཁང་བཞུགས་རོགས་ལབ་པ་ཡིན། ཁོང་གི་དགོན་པར་བསྡད་ན། འཚོ་བ་དང་ལྕི་ཤིང་སོགས། དཀའ་ངལ་ཆེ་རེད་ཟེར་བ་ལས། མིག་གི་མི་མཐོང་མ་ཟེར་བས། ད་ལྟ་ང་ཚོའི་ཁོང་ལ། ཞུ་རྫ་བྱེད་མི་འགྲོ་ལབ་པ་ཡིན། དཔལ་མཆོག་གི་རེད་རེད། བཞུགས་རོགས་བྱས་ན། གྲྭ་རྒན་ཡག་པོ་རེད། ས་ནོན་ལ་ལ་རེད། འཁྱམས་འགྲོ་མ་རེད་ཟེར། དེར་ངེད་གསུམ་བ་ས་ཚང་ལ་སོང་ནས། ཁོང་ལ་ཡོང་དོན་ཞུས་པས། ཁོང་ནས་ཁར་སོང་། བླ་མ་ཡེ་ཤེས་ལ་ཁས་བླང་པ་ལྟར། དང་པོ་ཟླ་བ་ཁ་ཤས་འདུག་ དེ་ནས་ཅི་རེད་ཐལ་བལྟ་འོང་གསུང་། དེར་ངེད་གསུམ་གྱི་ལགས་སོ་ཟེར་ནས། ཁོང་གཉིས་སོ་སོར་སོང་། ཕྲན་ནི་དགོན་པར་བསྡད། དེ་ནས་ཟླ་བ་༧་་པའི་ཚེས་༦་་ནས་ཚེས་་༡༡་བར་གཤོང་གདོང་སྤྱི་རིམ་སྐབས། དབུ་མཛད་ཡས་རབ། ཁྱིམ་ལ་བཞུགས་འདུག་པ་དང་། གྲྭ་བཟོད་པ་ཚུལ་ཁྲིམས་སྟེང་ཆེན་དགོན་དུ། སྒྲུབ་གྲྭར་བཞུགས་པ་ལས། དེ་མིན་གྲྭ་ཐོ་ཡོད་པའི། ནག་རུ་དགོན་པའི་བླ་གྲྭ་ བླ་མ་གཡྲུང་གྲགས་པ། ཕྲན་འོད་རྒྱས་དང་། མཁན་བསམ་དགེ་ མཁན་ཚུལ་ཉི། གཡུ་ལྷ། གཉེར་པ་བསོད་ནམ་དབང་འདུས། གཉེར་པ་སྒོང་བཙོན་འགྲུས། སྨོན་ལམ་བསྟན་འཛིན། སྨོན་ལམ་ཕུན་ཚོགས། པད་དགའ། ཉི་མ། རྒྱལ་ཚུལ། ཚུལ་དཔལ། ཤེས་རབ། སྐལ་བཟང་། བསྟན་ཚུལ། བློ་གྲོས་འབྱུང་གནས། མི་འགྱུར། གཙུག་ཕུད། སོགས་དང་ གྲྭ་ཐོ་མེད་པ་བླ་མ་དཔལ་མཆོག་ ཉི་མ་འོད་ཟེར། མི་ནུབ་རྒྱལ་མཚན། གྲྭ་ཀུན་དགའ།  དཔལ་ལྷ། སྐལ་ཐར། བློ་ལྡན་སོགས་ནག་རུ་བླ་གྲྭ་ཕལ་ཆེར་འཛོམས་འདུག་པས། དང་དེ་སྔོན་དགོན་པའི་བླ་མ། མཁན་པོ། དབུ་མཛད་སོགས། གྲྭ་པ་ཚང་མ་གྲོང་ཆོག་གི་བར་གསེང་དུ། རྒྱུན་ལྡན་ཁྱིམ་ལ་བཞུགས་པའི་བཤོ་སྲོལ་ཡོད་པ་ལ། ཕྲན་གྱི་བླ་གྲྭ་ཡོངས་རྫོགས།  དགོན་པར་བཞུགས་ཏེ། བསླབ་པ་སློབ་གཉེར་དང་སྒོམ་སྒྲུབ་ཉམས་ལེན་མཛོད་དང་། འཚོ་བ་ དགོན་པ་ཡིས་སྦྱར་ཡོང་། ཅེས་རེ་བ་བཏོན་པ་དང་། ཡང་ན་དགོན་པ་གཞན་ལ་བྱོན་སྟེ།  ཐོས་བསམ་སྦྱོང་དང་། དགོན་པའི་འདུ་ཚོགས་དང་ངལ་རྩོལ་སོགས་ལ་ཆད་པ་མི་རྒྱབ་ཅེས། སློབ་གསོ་ཡང་ཡང་བཏང་བ་དང་། མ་མཐར་ཡང་གྲོང་པ་ནང་། སྐུ་རིམ་ཞབས་བརྟེན་སྒྲུབ་པས་བར་གསེང་དུ། རང་དགོན་དུ་བཞུགས་རོགས་ཞེས།  ཞེས་བླ་གྲྭ་ཚང་མར་རེ་བ་ཞུས་ཀྱང་། དགོན་པར་སྡོད་ཡིན་ཟེར་མཁན་མ་བྱུང་ཡང་། ཚེས་་༡༣་་ཉིན། བ་ས་གྲྭ་ཚུལ་ཁྲིམས་འོད་ཟེར་དགོན་པར་འབྱོར།  ཚེས་་༡༥་་ཉིན། བ་ས་གྲྭ་ཚུལ་ཁྲིམས་བློ་ལྡན་དགོན་པར་འབྱོར།  ཚེས་་༡༧་་ཉིན  འདུ་ཁང་ནང་། ས་རོ་འཕོ་མ་ཐུབ་པར་ལུས་ནས། བཞུགས་ས་མི་འདུག་པས། གནས་སྐབས་ཚུལ་ཉིའི་གྲྭ་ཤག་ཞབས་ལ། ཁོང་རྣམ་གཉིས་བཞུགས་ས་གཡར། ཚེས་༡༨་་ཉིན་ཕྲན་དང་བློ་ལྡན་ངེད་གཉིས། རྫོང་ལ་སོང་སྟེ། ནས་ཉོས་ཏེ་ནས་བརྔོ་མི་ཨེ་སྙེད་བྱས། དེ་ནས་ཙམ་པ་འཐག་སྟེ་དགོན་པར་འབྱོར་ཐབས་བྱས། དེ་ནས་དང་པོ། ངེད་གསུམ་གྱི་སྣ་སེལ་དུ། ཉིན་གསུམ་རིང་གཏོར་མ་གཏོང་། དེ་ནས་ཉིན་གསུམ་ལ། སྪ་སྪ་གདབ། དེ་མཚམས་མུན་སེལ་སྒྲོན་མ་དང་ཚེ་སྒྲུབ་བཅས། ཁོང་རྣམ་གཉིས་ཀྱི་ཡི་གེ་གསུང་། ཕྲན་གྲྭ་ཤེས་རབ་དང་། དཔལ་ལྷ། ཀུན་དགའ་བཅས་དང་ལྷན་དུ། གཤོང་གདོང་དང་། ཉང་ཡུལ། ཟན་ཆུང་། ཟླ་དགོན་བཅས་ལ་སོང་ཏེ། གྲོ་ཕྱེ་སློང་མོ་བྱས།  གྲོ་ཕྱེ་ སྲོ་རྗེ་་༥༦་་བྱུང་བ་རྣམས། དགོན་པར་འབྱོར་ཐབས་བྱས་ཏེ། གྲྭ་རྒན་གཉིས་ལ་རྩིས་སྤྲད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.