སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། ༨ | 2013/11/5 12:52:00

 ༑༑༑ རང་ལོ་སོ་གཉིས་པ། ༢༠༠༣ཆུ་ལུག་ལོའི་ལོ་གསར་སྐབས། ཕྲན་གྱི་སྟག་ལའི་བསྙེན་པ་འདོན་བཞིན་བསྡད། གྲྭ་ཚུལ་དགེའི་སྟག་ལའི། ཚོགས་འདོན་ཞོར་ཟ་མ་བཀོལ།   གཞན་སོ་སོའི་ཁྱིམ་དུ་སོང་། ཚེས་བཅུ་ཉིན་ཁོ་ཚོ་འབྱོར་ཏེ། སྔོན་འགྲོ་བསགས་སྦྱོང་ཞོར། སྟག་ལའི་ཚོགས་བསགས། སྤྱི་ཟླ་༣་པའི་ཚེས་༡་ནས་བླ་མ་མཁན་པོ་དང་། གྲྭ་བཙུན་རྣམས་པ་དང་།   ཚུན་ཙུའུ་འགོ་ཁྲིད་དང་། མི་དྲག་རྣམས་པ་་བཅས། ཚང་མ་སྤྱི་ཟླ་༣་པའི་་ཚེས་༨་ཉིན། དགོན་པར་ཕེབས་རོགས། ཅེས་ཆ་དང་ཡི་གེ་བསྐུར་བས། ངབུ་མཛད་ཡེ་ཤེས་རབ་གསལ་ལས། གཞན་ཚང་མ་འབྱོར་བྱུང་། དེར་སྒོ་མེད་ནས་ཡོང་བས། སྐྱ་སེར་རྣམས་ལ། དབུ་མཛད་ཡེ་ཤེས་རབ་གསལ་གྱི་ གང་མཛད་འདུག་དྲིས་པས། ཁྱིམ་ནང་ལ་བཞུགས་འདུག་ཟེར། ཕྲན་གྱི་དགོན་པར་སྟག་ལའི་བསྙེན་སྒྲུབ་ཞག་༡༥༠་་སོང་ནས་སྒོ་དབྱེ་བྱས། དེ་ཉིན་དང་པོ་སྟག་ལའི་ཚེ་སྒྲུབ་དབང་བསྐུར། དེ་ནས་ད་དགོན་པ་ཞིག་གསོ་མ་བྱས་ཐབས་མེད། འདི་འདྲ་རེད་འདུག་པས། ཁྱེད་བླ་གྲྭ་རྣམ་པ་དང་འགོ་ཁྲིད་རྣམ་པས། འགན་ཁུར་ཏེ་དགོན་པ་བསྐྱར་གསོ་བྱེད་རོགས། མ་ཚད་འདིར་ལྕི་ཤིང་དང་བསང་ཤུག་ ཞལ་འདེབ་འབུལ་རོགས་ཞེས་བཤད་པ་ཡིན། དེ་སྐབས་གྲོང་ཚོ་བཞི་པའི་འགོ་ཁྲིད། དོན་འགྲུབ་ནས། ཁྱེད་བླ་མ་མཁན་པོ་དང་དབུ་མཛད་སོགས་དང་། གྲྭ་པ་རྣམས་དགོན་པར་མ་བཞུགས་ནས། སྔར་ལྟར་ཁྱིམ་ནང་ལ་བཞུགས་བསྡད་ན། དགོན་པ་འདི་ཡར་ལས། མ་ལས་ཅི་མི་འདུག་ དེ་སྔ་ང་ཚོ་སྡེ་ཡིས། དགོན་པར་ལྕི་ཤིང་དང་འབུལ་བ་མ་ཕུལ་བ་མིན། ང་ཚོའི་དགོན་པར། ལྕི་ཤིང་བསྐྱལ་ཡང་རྩིས་ལེན་མཁན་ཡོད་མ་རེད། ང་ཚོའི་དགོན་པར་བསྔོ་འབྲེལ་དང་། སྐོང་གསོལ་ལམ་ལྷ་འབུལ་མི་སོང་ཡང་། ང་ཚོའི་དགོན་པར་བླ་གྲྭ་ཡོད་མ་རེད། བླ་མ་མཁན་པོ་དང་དབུ་མཛད་གྲྭ་པ། སོགས་གདན་འདྲེན་དུས། སོ་སོའི་ཁྱིམ་དུ་སོང་ནས་གདན་འདྲེན་དགོས་པ་ལས། དགོན་པར་བཞུགས་མ་རེད། ད་ཕྱིན་ཆད་བླ་མ་ཡེ་ཤེས་ཁྱེད། གཙོ་བོ་དགོན་པར་བཞུགས་རོགས་བྱས་ཏེ། དགོན་པའི་འགན་ཁུར་འོང་ན། ང་ཚོ་སྡེ་ཚང་མའི་ཞབས་ཕྱི་ལོས་སྒྲུབ་དགོས། གཞན་བླ་མ་དཔལ་མཆོག་དང་། མཁན་པོ་བསམ་དགེ་ དབུ་མཛད་ཡེ་ཤེས་རབ་གསལ་སོགས། ནག་རུ་བླ་གྲྭ་ཐམས་ཅད། རབ་ནི་དགོན་པར་རྒྱུན་བཞུགས་མཛད་རོགས། འབྲིང་ནི་ཟླ་རེ་ཟླ་གཉིས་དགོན་པར་བཞུགས་རོགས། ཐ་ན་ལོ་རེ་རེའི་ནང་ཞག་མ་བདུན་རེ་གཉིས་ཙམ་ལ། དགོན་པར་མ་བཞུགས་ན་ཐབས་མེད་པ་རེད། དགོན་པར་བླ་གྲྭ་མ་བསྡད་ན་དགོན་པ། ལས་ནི་ཅི་དགོས་རེད་སོགས་མང་པོ་བཤད་སོང་།    དེ་མཚམས་ཚང་མའི་གྲོས་བྱས་པ་རྒྱུད། འདི་ལོར་དགོན་པ་བསྐྱར་གསོ་བྱེད་རྒྱུ་གཏན་འཁེར་རྒྱུ་དང་། དགོན་ཞབས་གྲོང་ཚོ་ལྔ་ཡིས་མང་ཚོགས་རྣམས། ཨར་པོ་རྒྱབ་ནས་ལས་དཀའ་བཟོ་རྒྱུ་བྱས་ཏེ། རྒྱན་འཕང་ནས། རྒྱན་དང་པོའི་འདུ་ཁང་ནང་གི་ས་རོ་འཕོ་རྒྱུ་དང་། གཉིས་པསའདུ་ཁང་གྱང་འགྱེལ་བ་བརྡུང་རྒྱུ གསུམ་པས་ མཛོད་གཉིས་གྱང་འགྱེལ་བ་བརྡུང་རྒྱུ། བཞི་པས་ཁ་འགབ་རྒྱུ་བཅས་གྲོས་བྱས་ཏེ། རྒྱན་འཕང་པས་དང་པོ། གྲོང་ཚོ་གསུམ་པའི་འདུ་ཁང་ནང་གི་ས་རྡོ་འཕོ་རྒྱུ། གཉིས་པ། གྲོང་ཚོ་བཞི་པའི་འདུ་ཁང་གྱང་བརྡུང་རྒྱུ། གསུམ་པ། གྲོང་ཚོ་དང་པོ་དང་ལྔ་པའི། མཛོད་གཉིས་གྱང་འགྱེལ་བ་བརྡུང་རྒྱུ། བཞི་པ། གྲོང་་ཚོ་གཉིས་པའི་འདུ་ཁང་དང་མཛོད་གཉིས་ལ། ཀ་གདུང་གཏོང་ཏེ། ཁ་འགབ་ས་བླུག་རྒྱུ་བཅས་རྒྱན་བབས། ལྕི་ཤིང་གྲོང་ཚོ་ཡོངས་ཀྱི་ལོ་རེ་རྒྱབ་རེ། འབུལ་རྒྱུ་དང་།  དེར་འགོ་ཁྲིད་རྣམས་ཀྱི་ལས་དཀའི་སྐབས། འགན་ཁུར་རྒྱུ་བཅས་གྲོས་བྱས་སོང་། དེ་སྐབས་ཕྲན་གྱི་དགོན་པལས་དུས་དང་ལྕི་ཤིང་ཆ་རྒྱབ་དུས། ཚུན་ཙུ་ཡི་འགོ་ཁྲིད་རྣམ་པའི་རོགས་ལ། ང་ཚོ་དགོན་པ་ཡི་འགན་ཁུར་རེ། ཡོད་ན་ལེགས་འདུག་པའི།  ང་ཚོ་བླ་མ་མཁན་པོ་རྣམས་ལས་བགོས་བྱེད་དགོས། དེའང་ཁྱེད་བསམ་དགེ་དང་། ཚུལ་ཉི། དཔལ་མཆོག་གསུམ་གྱི་གྲོང་ཚོ་རེ་འགན་ཁུར་རོགས། གྲོང་ཚོ་གཅིག་ངས་འགན་ཁུར་འོང་བཤད་པ་ཡིན། མཐའ་ཞུ་དཔལ་མཆོག་གི་ གྲོང་ཚོ་གཉིས་པ་འགན་ཁུར་འོང་ཟེར། ཚུལ་ཉིའི་དང་པོ་དང་ལྔ་པ་འགན་ཁུར་འོང་ཟེར། བསམ་དགེའི་ཁྱད་མེད་ཟེར། ཕྲན་གྱི་ཁྱད་མེད་བཤད་པ་ཡིན། དེར་རྒྱན་འཕེན་དགོས་ཟེར་བས། བསམ་དགེ་བཞི་པ་དང་། ཕྲན་གསུམ་པར་བབས་འདུག་ དེ་ནས་ལས་དཀའ་ལས་དུས། འགོ་ཁྲིད་དང་ཁོང་རྣམ་པ། བྱོན་འོང་རྒྱུ་གཏན་འཁེར་བྱས། དེ་དུས་དགོན་པའི་དཔལ་འབྱོར། ཅ་ཀ་དང་མཆོད་ཆས་སོགས། གྲྭ་རྒྱལ་བ་ཚུལ་ཁྲིམས་ཀྱི་ཉར་ར་བྱས་འདུག་པས། དེར་གྲྭ་པ་རྣམས་དང་འགོ་ཁྲིད་བཅས་ཀྱི།  ཕྲན་ལ་ཁྱེད་དགོན་པར་འདུག་དུས་མཁོ་རྒྱུ་རེད་ལ། ཁྱེད་ཀྱི་ཉར་ར་བྱེད་རོགས་ཟེར་བས། ཅ་ལག་རྣམས་ཐོ་བཀོད་དེ་རྩིས་བླངས་སྐབས། དཔེ་ཆའི་བསྐོར། བཀའ་འགྱུར་གཅིག་ བརྟན་འགྱུར་གཅིག་གསོལ་ཁ་གསུམ། མཆོད་ཆས་བསྐོར། རྔ་ཆེ་འབྲིང་ཆུང་གསུམ།  སྦུལ་ཆོལ་གསར་པ་ཆ་གསུམ། དུང་ཆ་གཅིག་ མཁར་རྔ་གཅིག་ བུམ་པ་ཆ་གཅིག་ ལྕགས་ཀྱི་སྡེར་མ། བདུན་ཚར་གཅིག་ ཕུད་ར་གསུམ། ཕུད་ཀྱོག་གཉིས། ཀོང་བུ་ཆུང་བ་བརྒྱ། རག་ཀོང་མཚན་ཐུབ་བདུན། ཏིང་ཕོར་བདུན། མ་རྒྱུད་རྩ་དཔོད་གཅིག་ གེ་ཁོད་རྩ་དཔོད་གཅིག་ ཆོ་ག་བཅུ་གཉིས་ཆབ་ཚང་གི་རྩ་དཔོད་གཅིག་ དབལ་གསས་རྩ་དཔོད་གཅིག་ ཐང་ག་གསར་པ་བཅུ་དྲུག་  སྒྲུབ་ཁང་ནང་གཏོར་སྒམ་གཅིག་ དུང་ཆེན་ཆ་གཅིག་ བཟློག་ཁྲབ་གཅིག་ ཡིག་ཁྲི་བདུན། མཐའ་ཞུ་བླ་མ། གཡུང་དྲུང་གྲགས་པའི་བསྟན་བཞག་ སྦུབ་རྙིང་ཆ་གཅིག་ མཐའ་ཞུ་བླ་མ། པད་མ་ཀུན་ལེགས་ཀྱི་བསྟན་བཞག་ གཤང་ཆེན་རྙིང་པ་གཅིག་ གྲྭ་བསྟན་འཛིན་ཕུད་ཚོགས་ཀྱི་བསྟན་བཞག་ མཆོད་པའི་རྒྱན་རྫས་རྙིང་པ་གཅིག་དང་། གཏོར་སྤར་རྙིང་པ་གཅིག་ གཞི་རྩིས་རས་ཁྲ་གཅིག་  བཅས་དང་སྣོད་ཐབ་ཆས་བསྐོར་ལ། ཧ་ཡང་ཆེ་འབྲིང་ཆུང་གསུམ། ཀྱོག་གསུམ། དུང་འཕན་གཉིས། ཁྲ་ཧོ་གཅིག་ ལྕགས་ཀྱི་མེ་ཐབ་གཅིག་ ཁྲོ་རྙིང་པ་གཅིག་ ཇ་བཟོ་བྱེད་འདོང་མོ་གཉིས། གཞན་ཤིང་སྒམ་གཅིག་ འབོལ་གཉིས། གྲུམ་རྩེ་ཆ་གཅིག་ རས་ཡོལ་གཉིས།  གྲལ་གདན་བཞི། གྲལ་གདན་གྲུམ་རྩེ་ཆ་གཉིས། ཐག་སྣ་གཉིས།  འཇོར་གཉིས། འབྱག་མ་གཉིས། མདུན་ལྕོགས་ཆག་རོ་གཉིས་བཅས་འདུག་ དེ་མིན་ཅ་ལག་ཁ་ཤས་ས་ཡི་མནན། ཁ་ཤས་བོར་བརླགས་ཤོར་ཟེར། དངུལ་ནི་ཐོ་འཁོད་ཁྲི་ཁ་ཤས་ཡོད་པ་ལས། དོན་དུ་ལག་དངུལ་སྒོར་གཅིག་ཀྱང་ཡོད་མ་རེད་ཟེར།        དེ་བཞིན་འབྲུ་རིགས་དང་། ཤ་མར་ནི་ག་ལ་ཡོད། དེ་ནས་འགོ་ཁྲིད་ཚོའི་དགོན་པའི། གྱང་བརྡུང་དགོས་ན་སྡེ་མང་ཚོགས་ལ། ཆང་བླུད་དགོས་རེད་ཁྱེད་ཚོ། འབྲུ་ལྡོམ་འགྲོ་དགོས་ཟེར་བས། གནང་ཉིན་ནས་དགོན་ཞབས། སྡེ་ནང་ལ་འབྲུ་ལྡོམ་འགྲོ་འཆར་བྱས། དེ་ཉིན་ཕྱི་དྲོ་སྦྱིན་བསྲེགས་གཏོར་མ་བཅས། ཕྱི་ཉིན་སྟག་ལའི་སྦྱིན་བསྲེགས་བླུག་ སྲི་མནན་བྱས། དེ་མཚམས་ཉིན་གསུམ་ལ། གྲོང་ཚོ་རེ་རེ་བཞིན་ལ་འབྲུ་སློང་ཞོར། དགོན་པ་བསྐྱར་གསོ་དགོས་ཚུལ། སྡེ་རང་རང་གི་ཡུལ་ལ་དགོན་པ་མེད་ན་ཐབས་ཆག་ཚུལ་སོགས་སློབ་གསོ་བཏང་ལ་སོང་། ཚེས་༡༣་་དང་་༡༤་་ཉིན་གྲོང་ཚོ་གསུམ་པའི་དུད་མི་རེ་ཡོང་སྟེ། འདུ་ཁང་ནང་གི་ས་རོ་ཉིན་གཉིས་ལ་ཕོས་ཀྱང་འཕོ་མ་ཐུབ་པར་ལུས། དེ་སྐབས་གྲོང་མི། དགའ་གྲགས་ཟེར་བས། ང་ལ་འདི་ལྟར་ཟེར། བླ་མ་ད་དགོན་པ་ཡར་ལས་པས། ཕན་ཐོགས་ཅི་ཡོད་རེད་དམ། མཁན་པོ་དང་གྲྭ་པ་ཚོ་ནི། ཁྱིམ་ནང་ལ་འདུག་འཇོག་རེད། ང་ཚོ་སྡེ་ཡིས་དགོན་པ་འཚོགས་བྱེད། ཤ་མར་ཆང་གསུམ་བསྡུས་ནས། དགོན་པར་གཏོང་སྒོ་བྱེད་མི་འགྲོ་དུས། དགོན་པར་བླ་གྲྭ་འཚོགས་མི་ཕར་ཞོག་ འདུ་ཁང་སྒོ་ཕྱེ་མི་ཡོད་མ་རེད། དེ་སྔ་ལོ་མང་པོ་ལ་བླ་རྒན་དེ་ཧ། དགོན་པར་བཞུགས་ཀྱང་། གྲྭ་པ་ནི་འདུག་མ་རེད། ཁྱེད་ཡར་གཟི་ཀིས་རི་ཁྲོད་ལ། བཞུགས་སྡོད་དང་དགའ་རེད། དགོན་པ་འདིར་ཁྱེད་ཁེ་རུ། བཞུགས་བསྡད་ན་མ་གཏོགས། མཁན་པོ་དབུ་མཛད་བཅས་གྲྭ་པ་ཐམས་ཅད་ནི། སོ་སོའི་ཁྱིམ་དུ་བཞུགས་འདུག་པ་ལས། དགོན་པར་བསྡད་མ་རེད། དེ་ལས་དགོན་པའི། འདུ་ཁང་འདི་མར་བཤིག་ནས། དུད་ཚང་ཁང་པ་མེད་ཐོ། དེ་ཚོ་ལ་མར་སྤྲད་བཞག་ན། དགེ་བ་ཡོད་མ་རེད་དམ། ང་ཚོའི་དགོན་པ་མར་རྩེ་དྲུག་ལ་བྱས་ན། མི་ལོ་རྒྱུ་ཅི་ཡོད། དེ་འདྲ་མ་རེད་དམ་བླ་མ་ཟེར། དེར་ཡོད་ཚང་མས། དགའ་གྲགས་ཀྱིས། རྫས་ཐོ་བདེན་པ་རེད། ཁོས་གསང་ཤེས་མ་རེད། ན་ནིང་ནས་སྡེ་ཚང་མའི་དེ་འདྲ་བཤད་བཞིན་གདའ་ཟེར།   དེར་ངས་ཁྱོད་ཚོའི་དེ་འདྲ་ཟེར་རྒྱུ་ཡོད་མ་རེད། རྩེ་དྲུག་སོགས་དགོན་པ་གཞན་ལ། དད་པ་ཡོད་ན་འབུལ་བ་རྒྱབ་ནས། རང་གི་དགོན་པ་ལ་བརྩི་ཆོག་རེད།  ཡིན་ན་ཡང་རང་རང་སོ་སོའི་ཡུལ་ལུང་གི་དགོན་པ་དེ་ཡར་མ་ཐོན་ནའང་། ཕུ་མེད་པ་རྩ་བ་ནས་བཟོ་རྒྱུ་ཡོད་མ་རེད། མ་ཚད་ང་ཚོའི་ནག་རུ་དགོན་པ་འདི། བླ་མ་ལི་ཤུ་སྟག་རིང་གི་ཕྱག་བཏབ་པ་རེད། ཟེར་སྲོལ་ཡོད་རེད། དེ་འདྲ་ཡིན་ན་ལོ་སྟོང་ཕྲག་མང་པོ་ལ། རྩ་མེད་མ་སོང་བར་ད་བར་དུ་གནས་བསྡད་དུས། ད་ལྟ་ང་ཚོའི་བླ་གྲྭ་ཚོ་དགོན་པར་བསྡད་ན་འདྲ། མ་བསྡད་ན་འདྲ། དགོན་པ་མེད་པ་བཟོ་རྒྱུ་ཡོད་མ་རེད། དགོན་པ་ཡོད་ན་སྔ་ཕྱི་མ་གཏོགས། སྡོད་མཁན་ཡོང་སྲིད་རྒྱུ་རེད། ང་ཚོའི་ཡུལ་ལུང་ལ་དགོན་པ་ཡོད་ན། ཆོས་དང་རིག་གནས། དེ་ནས་དར་ཡོང་རྒྱུ་རེད། ཡུལ་ལུང་ལ་མི་ཤི་གོད་ཆག་མི་བདེ་ལེ་ཡོང་དུས། བླ་གྲྭ་དེ་ནས་གདན་ཆོག་རེད། དགོན་པ་མ་འཇིགས་ན། འདི་འདྲ་རང་དགོན་པར། བླ་གྲྭ་སྡོད་མཁན་མེད་པ། འོང་འདུག་མ་རེད། ང་མ་ཤི་ཕྱིན་ཆད་དགོན་པར་བླ་གྲྭ་བསྡད་མི་ཡོད་པ་འོང་རེད། ཁྱེད་ཚོས་ལྟོས་ཨང་། མ་ཚད་དགོན་པ་ཉམས་རྒུད་ལས་སྒྲོལ་ཏེ། དར་རྒྱས་བྱུང་སོང་ན་། དགོན་པ་གསར་དུ་གནས་སྤོ་བྱེད་ཐུབ་འོང་མི་ཤེས། ལབ་པ་ཡིན། དེ་ནས་ཚེས་་༡༥་་ནས་༢༢་་བར་ཉིན་བརྒྱད་ལ། སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་ཆེད་དང་། སེམས་ཅན་ཐམས་ཅད་ཚོགས་རྫོགས་པས་ཆེད་དུཚ་བོ་མི་ནུབ་དང་། ཚུལ་དགེ་ གྲྭ་བཙུན་རྒྱལ་ཚུལ་ འབོ་ནོར་བུ་ཕྲན་འོད་རྒྱས་བཅས། ངེད་ཚོ་སོ་སོའི་གྲོའབྲསནས། སྲན། མ་མོས་ལོ་ཐོག་སོགས། འབྲུ་སྣ་ལྔ་རྒྱ་མ་སུམ་བརྒྱ་ཙམ་རེ་ཉོས་ནས་དེ་དག་ཆུ་ལ་སྐྲུས་ཏེ། མ་འདལ་འབུམ་རེ་ཕུལ། དེ་ནས་ཚེས་་༢༣་་ནས་༢༥་བར། རང་གི་དངུལ་གཏོང་སྟེ། གཉེར་པ་བསོད་ནམ་དབང་འདུས་དང་། གྲྭ་རྒྱལ་ཚུལ་ངེད་གསུམ་གྱི། འདུ་ཁང་འགབ་བྱེད་གདུང་མ་བཤགས་ནསམཁར་ནེར་འབྱོར་ཐབས་བྱས། དེ་ནས་ཡར་དགོན་པར་མང་ཚོགས་དགོན་པར། ལས་དཀའ་བྱེད་མི་ཡོང་ཞོར་ཁུར་འོང་རོགས་ལབ།  དེ་སྐོར་ལྷ་སྒོ་གཉིས་ཀྱི། དུད་མང་ཆེ་བའི་དགོན་པར་ལྕི་ཤིང་བསྐྱལ་ཡོང་།  ཚེས་་་༢༧་་་ནས་ཚེས་་་༣༡་་བར་གྲོང་ཚོ་བཞི་པའི་འདུ་ཁང་གྱང་བརྡུང་། དེ་སྐབས་སྔོན་མའི་འཆར་གཞི་ལྟར་ན། བསམ་དགེ་ཡིས་ལས་དཀའ། བྱེད་སར་བལྟ་དགོས་ཀྱང་། ཁོང་དགོན་པར་མ་འབྱོར་བས། ཕྲན་གྱིས་བལྟ་བསྐུལ་བྱས་ཏེ་ཡུལ་མི་ཚོ་ལ། དགོན་པའི་ལས་དཀའ་ཡག་པོ། ལས་དགོས་པའི་སློབ་གསོ་རྒྱབ་དུས། ལགས་སོ་ཟེར་བཞིན། བླ་མ་ལགས། དགོན་པ་འདི་ཡར་ལས་པས་ཅི་ཕན་རེད། དགོན་པར་བླ་མ་མཁན་པོ་དང་། དབུ་མཛད་གཉེར་པ་སོགས་དང་། གྲྭ་པ་རྣམས་ལ་ནི། དགོན་པ་དགོས་དོན་མི་འདུག་ ཁོང་རྣམས་པ་མང་ཆེ་བ་གྲོང་ཆོག་བྱེད་བཞིན། ཤ་ཟ་ཆང་འཐུང་ནས་འགྲོ་བ་དང་། ཁོམ་སྐབས་ནི་ཁྱིམ་ནང་ལ་བསྡད་ནས། ཁྱིམ་འགན་ཁུར་བ་ལས། དགོན་པའི་ནང་ལ། བླ་གྲྭ་བསྡད་གདའ་ལེ་མཐོང་མ་མྱོང་། སྔོན་མ་འཚོགས་འདུ་བ་ཡོད་དུས་ཀྱང་། ཞག་མ་རེ་རེ་གཉིས་གཉིས་ལའང་། བླ་གྲྭ་རྣམས་དགོན་པར་བསྡད་ཐུབ། མི་ཐུབ་བྱེད་འདུག་རེད། དགོན་པ་འདི་ཡར་ལས་ཀྱང་མར་ཞིག་འགྲོ་རྒྱུ་རེད། དེ་ལས་བླ་མ་ཁྱོད་དགོན་པར་འདུག་དྲན་ན། ཕར་མ་འདལ་རི་ཁྲོད་རེད། ཡར་གཟི་ཀིས་རི་ཁྲོད་སོགས་ལ་བཞུགས་བསྡད་ན། དགའ་རེད་སོགས་ཟེར། དེ་ནས་་༢༠༠༣་་ཟླ་༤་་པའི། ཚེས་་༡་་ནས་ཚེས་་༨་་བར།  གྲོང་ཚོ་དང་པོས། མཛོད་གཉིས་ཀྱི་བར་གྱང་བརྡུང་། ཚེས་་༨་་ནས་་ཚེས་་༡༥་་བར། གྲོང་ཚོ་བཞི་པས། འདུ་ཁང་གྱང་བརྡུང་བ་དང་། གྲོང་ཚོ་ལྔ་པའི། མཛོད་གཉིས་ཀྱི་བར་གྱང་བརྡུང་ཀྱང་། ཁ་སེང་དགོན་པའི། ལས་དཀའི་འགན་ཁུར་འོང་གསུང་མཁན་རྣམས། མཐོང་རྒྱུ་མི་འདུག་ལ། དགོན་པ་ལས་མཁན་མང་ཚོགས་ཀྱང་། ཞོག་པ་ཆུ་ཚོད་་༡༢་་ཙམ་ལ་དགོན་པར་འབྱོར་བ་དང་།  ཕྱི་དྲོ་གསུམ་པ་ཙམ་ནས། སོ་སོར་བྱེར་འགྲོ་བ་འདུག་ དེ་སྐབས་་ཕྲན་གྱི་ཁྱེད་ཚོ་ཏོག་ཙམ་རྒོད་རྒོད་བྱས་ཏེ་ལས་རོགས་ཟེར་དུས། ཁོ་ཚོའི་བླ་མ་ལགས། དགོན་པ་འདི་སྔོན་མ། ང་ཚོའི་ཨར་པོ་རྒྱབ་ནས། འདུ་ཁང་ཡར་ལས་ལེ་ཡིན་ཏེ། དགོན་པར་བླ་མ་མཁན་པོ་དང་། གྲྭ་པ་མ་བསྡད་པས། ཁང་སྟོང་ལོས་ཞིག་འགྲོ་ཞིག་སོང་ལ། ཡང་ན་ནིང་ང་ཚོ་གྲོང་ཚོ་བཞི་པས། ཉིན་གྲངས་མང་པོ་ལ་ཨར་པོ་རྒྱབ་ནས། དགོན་པ་འགྱེལ་བ་ཡར། བསྐྱར་གསོ་བྱས་ཏེ་གྱང་བརྡུང་བ་ཡིན། གྱང་ཁ་ལོན་ཚར་དུས་ཡང་། བལྟ་མཁན་མེད་པ་དང་། ཁ་འགབ་མ་ཐུབ་པར་ལུས་ནས། ཡང་གྱང་མར་འགྱེལ་སོང་བ་འདུག་ལ། བླ་མཁན་པོ་སོགས་གྲྭ་པ་རྣམས་ཀྱི། གྱང་ག་དུས་འགྱེལ་བ། ཡང་མཐོང་མཁན་མི་འདུག་ བླ་མ་མཁན་པོ་དང་གྲྭ་པ་ཚོས། དགོན་པ་ལ་བདག་པོ་རྒྱབ་ནས། གཏན་འདུག་བྱེད་མཁན་གར་ཡོད་དེ། ཟླ་བ་རེ་རེ་སུ་ཡང་མི་འདུག་པས། དགོན་པ་ལོས་ཞིག་འགྲོ་ ད་ཡར་ལས་ཀྱང་དེ་འདྲ་རང་རེད། ཡང་གྲྭ་པ་རྒྱལ་བ་ཚུལ་ཁྲིམས་ཁེ་རུ་མས། ཤུགས་རྒྱོབ་ནས་འདུ་ཁང་གྱང་། ཐིང་གཅིག་ཡར་བརྡུང་ཡང་གྲྭ་པ་ཚོས། རོགས་མ་བྱས་པས། ཁ་འགབ་ཆོག་ཆོག་ཐོན་དུས་མར་འགྱིལ་སོང་བ་རེད། ད་ལྟ་ཡར་ལས་ཀྱང་མར་འགྱིལ་འགྲོ་རྒྱུ་རེད། ཁར་སེང་དབང་གནང་དུས། གྲོས་བྱེད་སྐབས་དགོན་པའི་ལས་དཀའ་སོགས་ལ། འགན་ཁུར་འོང་གསུང་མཁན། མཁན་པོ་བསམ་དགེ་དང་། ཚུལ་ཉི། བླ་མ་དཔལ་མཆོག་རྣམས། སུ་ཡང་དགོན་པར་མི་གདའ། འདི་འདྲ་རང་རེད་ཨ་ཟེར་བ་དང་།  ལས་དཀའ་བྱེད་མི་མང་ཆེ་བ་བྱིས་པ་དང་། གཞོན་ནུ་ཡིན་འདུག་པའི། ལས་དཀའ་ལ་ཧུར་བརྩོན་དང་། འགན་འཁྲི་བསམ་པ་རྩ་བ་ནས་མེད་པར། ཨར་པོས་ལས་ཁྲལ་སོད་ཐབས། ཁོ་ན་བསམ་འདུག་པས། ལས་དཀའ་བྱས་ནས། ཉིན་གྲངས་མང་པོ་སོང་ཀྱང།   ལས་ཆོད་མི་འདུག་པས། འདུ་ཁང་དང་མཛོད་ཀྱི་བར་གྱང་བཅས། ཚང་མ་ལས་འཕྲོ་ལུས་སོང་། དེ་ནས་ལས་འཕྲོ་ལུས་པ་གྲྭ་རྒྱལ་ཚུལ་དང་། ཚུལ་དགེ་གཉིས་ལ། རེ་བ་བྱས་ཏེ། འགན་འཁྲི་ལེན་ནས་ལས་རོགས་ཞུས་པ་དང་། སྤྱི་ཁྲེ་གང་ལ་སྒོར་་༢༥་་རེ་སྤྲད་རྒྱུ་བྱས། དེ་སྐབས་རྒྱལ་ཚུལ་གྱི་སྔོན་མ་འདུ་ཁང་གྱང་ཚད་ཙམ། ངས་འགན་འཁྲི་བླང་ནས་བརྡུང་པ་ཡིན་ཀྱང་། ད་བར་དགོན་པའི་དངུལ་སྤྲད་མ་བྱུང་བས། ད་ལས་འཕྲོ་ལུས་པ་འདི། ངེད་གཉིས་ཀྱི་ལས་ཆོག་ཀྱང་། དངུལ་སྔོན་ནས་ཏོག་ཙམ། མ་སྤྲད་ན་ལས་རྒྱུ་མིན་ཟེར་བས། ངས་དངུལ་སྔོན་ནས་སྤྲད་རྒྱུ་ཁས་བླང་པ་དང་།  བསམ་དགེའི་མ། གྲོང་བའི་འདུར་བཅའ་རོགས་ཟེར་བས། དེར་འགྲོ་སྐབས་ཕྲན་གྱི་བསམ་དགེར། ཁྱེད་ནས་དགོན་པར་དངུལ་སུ་ལ་ཡོད་དགོང་རྒྱུ་རེད། ད་དགོན་པ་ལས་འཕྲོ་ལུས་སོང་བའི། དངུལ་མེད་ན་ཐབས་ཆག་འདུག་པས། ཁྱེད་ཀྱི་དངུལ་སྟོང་ཕྲག་ཁ་ཤས། ཐབས་བལྟ་རོགས་ཞུས་པས། བསམ་དགེ་ནས་ད་ལྟ་གཉེར་པ་སྒོང་བརྩོན་འགྲུས་རེད། ཁོང་འདིར་ངེད་ཚང་ལ་ཤོགས་ཟེར་ནས། གྲོས་བྱེད་ཟེར། དེ་ཉིན་ཕྱི་དྲོ་ཁོང་དེར་བྱོན་འདུག་ལ། དེའི་ཕྱི་ཉིན་ཕྱི་ཉིན་འདུར་ཐོན་སྐབས། ནག་རུ་དགོན་པའི་གཉེར་གསར་པ། སྒོང་བརྩོན་འགྲུས་ངེད་སར་ཡོང་ནསབླ་མ་ཡེ་ཤེས་ཁྱོད་ཀྱི་མཁན་པོ། མ་ཡུམ་གྲོང་སོང་བ་ཤེས་ཨེ་ཐལ་ཟེར་བས། ངས་ལོས་ཤེས་ངས་འདུར་འདོན་བཞིན་ཡོད་ལབ་པས། ཁོས་ཤེས་ན་ཁྱེད་ཀྱི་ཁོང་ཚང་ལ། སྒོར་གཅིག་སྟོང་དང་། ནས་བརྒྱ་མ་ལྔ་བརྒྱ་ཕུལ་དགོས་ཟེར། ཕྲན་གྱི་ད་ལྟ་དགོན་པར། དངུལ་ག་ཚད་ཡོད་མི་ཤེས་ལ། ངས་ལག་ལ་དངུལ་ཡོད་པ། དགོན་པར་བཏང་ཚར།  ང་ལ་དངུལ་ནི་སྤྲད་རྒྱུ་མེད། འབྲུ་རིགས་སློང་མོ་བྱས་པ། གྲོང་ཚོ་སོ་སོར་བཅོལ་ཡོད་པས། ཁྱེད་ཀྱི་གྲོང་ཚོ་གསུམ་པ་ནས། མཁན་པོ་ཚང་ལ་ག་ཚད་ཕུལ་ཀྱང་ཆོག་རེད། དེ་ང་ལ་འདྲི་མི་དགོས། ད་ལྟ་དགོན་པ་ལས་འཕྲོ་ལུས་པས། དངུལ་མཁོ་ཉག་ཆེ་བས། ཁྱེད་གཉེར་པ་ནས། དངུལ་ཏོག་ཙམ་ཐབས་བལྟོས་ཤོག་ རྗེས་སུ་ང་ཚོ་འབུ་སོགས་སློང་མོ་འགྲོ་ནས་། དངུལ་ཏོག་ཙམ་བྱུང་ན། ཕར་སྤྲད་ཆོག་རེད། མཁན་པོའི་ཁྱིམ་ཚང་ལ། དངུལ་ག་ཚད་སྤྲད་ནའང་ང་ལ་བསམ་འཆར་མེད། ཁྱོད་ཀྱི་ག་ཚད་སྤྲོད་ན་ཁྱོད་ཀྱི་ཤེས། ང་ལ་ནི་དངུལ་སྤྲད་རྒྱུ་མེད་ལབ་པ་ཡིན། ཁོས་ཁྱེད་ཀྱི་ད་ལྟ་མཁན་པོ་ཚང་ལ། དངུལ་སྟོང་གཅིག་དང་ནས་བརྒྱ་མ་ལྔ་བརྒྱ་ཡང་། མེད་ཟེར་ཏེ་མི་འབུལ། མཁན་པོ་བསམ་དགེ་དང་། དབུ་མཛད་ཡས་རབ་སོགས། དགོན་པའི་འགན་ཁུར་རྣམས་དང་། བླ་གྲྭ་མང་ཆེ་བ་དགོན་པར། མི་བཞུགས་དུས་ཁྱེད་ཁེར་རུ། དགོན་པར་འདུག་ དགོན་པའི་བླ་གྲྭ་གཅིག་ཀྱང་དགོན་པར་མི་འདུག་དུས། ཁྱོད་གཅིག་པུ་དགོན་པར་འདུག་ནས། དགོན་པའི་ཀྲུའུ་རིན་ཡིན་མདོག་བྱེད།  དེ་སྔ་དགོན་པའི་ཀྲུའུ་རིན་སུ་ཡིན་མི་ཤེས་པས། ན་ནིང་ལས་དོན་རུ་ཁག་གིས། ཀྲུའུ་རིན་གཞོན་པ་བསམ་དགེའི་འགན་ཁུར་དགོས་ལབ་སོང་དུས། བླ་མ་ཁྱོད་ཀྱིས་མཁན་པོ་དང་དབུ་མཛད་སོགས་ལ། སྐད་ཆ་ཙམ་མི་འདྲི་བར། ཁྱོད་དགོན་པར་ཡར་འདུག་ བླ་གྲྭ་མཁན་པོ་སོགས་དགོན་པ་ལ། ཤོག་དུ་ཤོག་རྐྱང་རྐྱང་རྫོ། དེ་འདྲ་ཆོག་མ་རེད། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཁོང་མི་ཐམས་ཅད་དང་། གཉེར་པ་བཅས་གྲོས་བྱེད་དགོས་པ་ལས། ཁྱེད་ཁེར་རུས་འཆར་གཞི་བཞག་མི་ཆོག་ ག་དུས་ཡིནའང་། བླ་གྲྭ་ཐམས་ཅད་དགོན་པ་ལ། རུག་ཤོག་འདུས་ཤོག་རྐྱང་རྐྱང་རྫོ། བླ་གྲྭ་ཚང་མ་དགོན་པ་ལ་སྡོད་དགོས་སྡོད་དགོས་རྐྱང་རྐྱང་རྫོ། དགོན་པ་ལ་སྡོད་མི་སྡོད་ཁྱོད་ལ་ཅི་དབང་ཆ་ཡོད། ཁྱོད་ལ་ཅི་ཇུས་རྟོགས་ཡོད། བླ་གྲྭ་ཐབས་ཅད་དགོན་པ་ལ། སྡོད་མི་སྡོད་རང་དབང་ཆེ་ལེ་རེད་ཟེར་བས།  ངས་དགོན་པ་བླ་གྲྭ་སྡོད་ས་རེད་དུས། བསྡད་མི་ཆོག་རྒྱུ་ཅི་རེད་ལབ་པས། ཁོས་བླ་གྲྭ་ཚང་མ་དགོན་པར་མི་འདུག་དུས། མི་རེ་རེ་གཉིས་གཉིས་བསྡད་ཆོག་མ་རེད། མ་གཞི་བླ་མ་ཁྱོད་ཀྱིས་ན་ནིང་དགོན་པ་བཅོས་བསྒྲིགས་བྱེད་དུས། དགོན་པ་ས་ཆ་གཞན་ལ་སྤོ་དགོས་པས་བསམ་འཆར་བཤད་སོང་དུས། དགོན་པ་སྤོ་དགོས་བཤད་བཞིན་དགོན་པ་རྙིང་པ་ཡར་བཟོ་ནས། ཅི་བྱེད་དགོས་རེད། ལས་རྒྱུ་ལྷག་མ་རེད་ཟེར་བས། དེར་ངས་དགོན་པ་སྤོ་རྒྱུའི་བསམ་འཆར་བཤད་མྱོང་ཡོད་ལ། རྗེས་སུ་དགོན་པ་སྤོ་ཐུབ་པས་རེ་བ་ཤིན་ཏུ་ཆེ། འོན་ཀྱང་དང་པོ་དགོན་པ་འདི། བསྐྱར་གསོ་མ་བྱས་ན་ལོ་མ་རེད། དགོན་པ་མར་སྤོ་བ་ལ་ཆ་རྐྱེན་འཛོམས་དགོས་རེད། དང་པོ་བླ་གྲྭ་རྣམས་དང་མང་ཚོགས་ཚང་མ། བློ་མཉམ་དགོས་རེད་དེ། ད་ལྟ་ཚང་མ་བློ་མཉམ་མ་རེད། གཉིས་སུ་ཆོག་མཆན་ཐོབ་དགོས་རེད། ད་ལྟ་དགོན་པར་བླ་གྲྭ་གཅིག་ཀྱང་། མེད་དུས་སུས་ཆོག་མཆན་ཞུ་འོང་རེད། གསུམ་ནས་དཔལ་འབྱོར་དགོས་རེད། དགོན་པ་ལ་དཔལ་འབྱོར། སྒོར་སྟོང་གཅིག་ཀྱང་མེད་དུས། ཇི་འདྲ་དགོན་པ་གསར་པ་བཞེངས་དགོས་རེད། བཞི་ནས་དགོན་པ་བཞེངས་བྱེད། མང་ཚོགས་ལ་བརྟེན་དགོས་ངེས་རེད། ད་ལྟ་མང་་ཚོགས་ཀྱི། ནག་རུའི་བླ་མ་མཁན་པོ་དང་དབུ་མཛད་འགོ་བྱས་པས། གྲྭ་པ་ཐམས་ཅད། དགོན་པར་མི་འདུག་པར་ཤ་ཟ་ཆང་འཐུང་བཞིན། ཕ་ཁྱིམ་མ་ཁང་ནང་ལ། བཟའ་ཉོབ་དང་མཉམ་དུ། འཚོ་བ་གང་འཁྱོལ་བྱེད་བཞིན་འདུག་པས། དགོན་པ་མར་བཤིགས་ཏེ། དུད་ཚང་ཁང་པ་མེད་པ་ལ། སྐྱོབས་གསོ་སྤྲད་ནས། ནག་རུ་སྡེ་རྣམས། རྩེ་དྲུག་ལ་དགོན་ཞབས་བྱེད་དགོས་པས། སྐད་ཆ་ས་ཁྱབ་རྡོ་ཁྱབ་རེད་འདུག་པས། ང་ཚོ་བླ་མ་གྲྭ་པ་ཁེར་རུས། དགོན་པ་ག་རུས། སྤོ་དགོས་རེད་དམ། ང་ཚོའི་དགོན་པ་སྤོ་བྱེད་མ་དངུལ་སློང་མོ་བྱེད་དགོས་ཀྱང་། དེ་སྔོན་དགོན་པའི་དཔལ་འབྱོར་ཐམས་ཅད། དགོན་པའི་འགན་ཁུར། བླ་གྲྭ་མཁན་པོ་དབུ་མཛད་རྣམས་དང་། གཉེར་པ་རྣམས་ཀྱི་ཟོས་རབས་འཐུང་རབས། མང་ཞིང་དག་པ་བཤད་བཞིན་འདུག་པས།   ང་ཚོ་ལ་མང་ཚོགས་ཀྱི་དགོན་པ་སྤོ་བྱེད། ཞལ་འདེབས་ཕུལ་སྲིད་དམ། ང་ཚོ་སྡེ་གཞན་ལ་སློང་མོ་འགྲོ་ཆོག་ཀྱང་། གཙོ་བོ་ང་ཚོའི་སྡེ་མང་ཚོགས་ལ་བརྟེན་དགོས་པས། ང་ཚོ་བླ་མ་མཁན་པོ་དང་། དབུ་མཛད་གཉེར་པ་རྣམས་རྡོག་རྩ་གཅིག་དྲིལ་གྱིས། གྲྭ་པ་ཐམས་ཅད་དགོན་པར། གཏན་འདུག་བྱེད་ཐུབ་པ་དགོས་ལ། ང་ཚོ་ལ་མང་་ཚོགས་ཀྱི། བློ་གཏད་ཡིད་ཆེས་ཀྱི་བསམ་བློ་ཐོབས་པ་བྱེད་དགོས་ལབ་པ་ཡིན། ཁོས་ཁྱོད་ཀྱིས། བཤད་པ་ལ་གནས་ལུགས། འགའ་འགའ་གདའ་ཐལ། ཁྱོས་ཟེར་ན་དང་པོ་དགོན་པ་རྙིང་པ་བསྐྱར་གསོ་བྱེད། དེར་བླ་གྲྭ་ཚང་མ་ཡར་རུག་དཔལ་འབྱོར་གྲ་བསྒྲིགས་བྱེད། དེ་མཚམས་གཞི་ནས་དགོན་པ། སྤོ་དགོས་ཟེར་ཨེ་ཡིན། དེ་འདྲ་རྨི་ལམ་རེད། མི་ཡང་ཤི་འགྲོ་རེད། དེའི་བར་ལ་འགྱུར་ལྡོག་ག་ཚད་འགྲོ་རྒྱུ་རེད། དགོན་པ་ཡར་བཟོས་ཚར་ན། མར་སྤོ་དགོས་དོན་ཡོད་མ་རེད་ཟེར་བས། ངས་དགོན་པ་སྔ་ཕྱི་ཙམ། མ་གཏོགས་སྤོ་དགོས་ལེ་རེད།  ད་ལྟ་དགོན་པར་དངུལ་མཁོ་ཉག་ཆེ་བས། ཁྱེད་ནས་དངུལ་ཐབས་ཤེས་གྱིས་ཤོག་ཟེར་བ་ཡིན། ཁོང་དང་མཁན་པོ་རྣམ་གཉིས་ཀྱི། ཞོག་པ་ནས་ཆང་མང་པོ་གསོལ་སོང་བས། གཟི་འདུག་པས། ཁོས་ཨ་ཁོ་རེ་ཁྱོད་དགོན་པ་སྤོ་དགོས་རེད་རྫོ་དུས། སྤོ་ལོ་མ་རེད་རྫོ། ད་མ་སྤོ་རྫོ་དུས་ཡང་སྔ་ཕྱི་ཙམ་ལས་སྤོ་དགོས་རེད་རྫོ། དགོན་པ་ནང་ལ། ཙིག་འགའ་མི་འདུག་དུས། ཁྱོད་དགོན་པ་ནང་ལ་འདུག་ཟེར། ཕྲན་གྱིས་དེ་སྔོན་ཁྱེད་ཚོ་ངན་པ་ཁ་མཐུན་བྱས་ཏེ། གཅེན་པོ་ཚུལ་ཡེ་དགོན་པར་བཞུགས་མ་བཅོལ་བས། མ་ཚད་ང་དགོན་པར་བསྡད་བསམ་ཀྱང་བསྡད་མི་བཅུག་ལྡོམ་བུ་འགྲོ་ནས་དགོན་པར་ཞབས་ཞུ་སྒྲུབ་བསམ་ཀྱང་། སྒྲུབ་མི་བཅོལ། དགོན་པའི་ལས་དཀའ་བྱེད་ཕྱོགས་ཐད། འཆར་གཞི་བཞག་ཀྱང་བསམ་འཆར་འདོན་དབང་ལས། འཆར་གཞི་བཞག་མི་ཆོག་ཟེར། ད་ལྟ་ཡང་དེ་འདྲ་རང་ཟེར། ད་ཕྱིན་ཁྱེད་ཚོའི་ཅི་ཟེར་ནའང་འདྲ། ང་དགོན་པར་སྡོད་ཐག་ཆོད་ཡིན་ལབ་པས། ཁོས་ཁྱེད་དགོན་པར་འདུག་ནས། དགོན་པའི་རྒྱུ་དངུལ་ཟ་བསམ་ལེ་མ་རེད་དམ་ཟེར་བས། ངས་དགོན་པའི་རྒྱུ་དངུལ་དེ་སྔོན་ཅན་ཚང་མ་ཁྱེད་ཚོའི་ཟོས་ཡོད་ས་རེད། གོ་ཐོས་ལྟར་ན། དགོན་པར་དངུལ་སྒོར་ཁྲི་བཞི་ལྔ་ཙམ། ཡོད་རེད་ཟེར་བས་གར་ཡོད། ད་ལྟ་དགོན་པ་འགྱེལ་བ། བསྐྱར་གསོ་བྱེད་སྐབས་མཁོ་བའི་དུས་སུ། དགོན་པ་ལ་འབྲུ་སྤར་ར་གང་། མར་རྒྱ་མ་གང་། དངུལ་སྒོར་གཅིག་ ཙམ་པ་ཕོར་གང་ཡང་གཏོང་རྒྱུ་མི་འདུག་པས་ཁྱོད་འགན་ཁུར་རྣམས་དང་། གཉེར་པ་ཚོའི་ཟོས་པ་ཡིན་ནམ་ལབ་པས། ཁོ་ཡར་ལང་ནས། ང་ལ་དཀར་ཡོལ་མགོ་ལ་རྒྱོབས་བྱུང་བས། ངས་མགོ་ལ་རྨ་བཟོས་ནས། ཟུང་ཁྲག་ས་ལ་ཞུར་སོང་། དེ་ནས་བསམ་དགེ་དང་། ཕ་རྒན་སྤུན་བཅས་ཁོང་ཕ་བུ་གསུམ་གྱི་བར་ཕྱེས་སོང་ལ།  དེ་མཚམས་སྒོང་བརྩོན་འགྲུས་ཀྱི། སྒོར་ལྔ་བརྒྱ་སྤྲད་དེ་གྲོགས་པོ་བྱེད་དགོས་ཟེར། དེ་ནས་ང་ཡར་དགོན་པར་བསྐྱལ་བྱུང་བས། སྤྱི་ཟླ་་༤་་པའི་ཚེས་་༡༨་་ཉིན། ཚེ་སྒྲུབ་བྱ་རི་མའི་སྒྲུབ་པ་ལ་བསྡད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.