སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྨྱོན་པའི་ལོ་ཐོ། ༧ | 2013/11/5 12:49:00

དེ་སྐབས་དེར་ཡོད་བླ་གྲྭ་ཡོང་དང་། འགོ་ཁྲིད་མི་དྲག་རྣམས་ཀྱིས། ཕྲན་ལ་བཤད་རྒྱུར། བླ་མ་འོད་རྒྱས་ལགས། ཉི་མ་དེ་རིང་ནས་བཟུང་། ཁྱེད་དགོན་བསམ་གཏན་གླིང་གི་དབུ་བླ་དང་། དགོན་པའི་འགན་ཁུར་གཙོ་བོ། དམངས་བདག་ཨུ་ལྷན་གྱི། ཀྲུའུ་རིན་བཅས་ལ། འདམ་བསྐོ་བྱས་ནས།  དགོན་པ་དར་རྒྱས་ཀྱི་རེ་བ་དེ། ཁྱེད་ལ་བཅོལ་བ་ཡིན་པས། ཁྱེད་ཀྱི་བླ་གྲྭ་རྣམས་པའི་འགོ་ཁྲིད་ནས། ང་ཚོ་ནག་རུ་དགོན་པ་འདིཉམས་རྒུད་ལས་སྒྲོལ་ཏེ། རབ་ནི་བཤད་སྒྲུབ་སྒོམ་གསུམ་ཀྱི་བསྟན་པ་ཡོད་པ།  འབྲིང་ནི་ཁྱེད་བླ་གྲྭ་ཚང་མར་དགོན་པར་བཞུགས་ཏེ། དད་ལྡན་མང་ཚོགས་ཚོའི། བླ་མ་མཁན་པོ་མཇལ་མི་འགྲོ་དུས། བླ་མ་མཁན་པོསོ་སོའི་ཁྱིམ་དུ་མཇལ་མི་འགྲོ་མ་དགོས་པར། དགོན་པར་འགྲོ་ན་བླ་མ་མཁན་པོ། མཇལ་རྒྱུ་ཡོད་པ་ཞིག་དང་། ཐ་ན་དགོན་པར་སྒྲུབ་ཁང་དང་། མཚམས་པ་ཁ་ཤས་མ་ཆད་པར་བཞག་སྟེ།  ལྷ་སྡེ་མང་ཚོགས་ཚོས། གསོན་པོའི་གསོལ་ཁ་ལམ་ལྷ། ཞུ་ས་ཡོད་པ་དང་། ཤི་བོའི་ཞེ་དགུ་དང་བསྔོ་འབྲས། དགོན་པ་ལ་ཕུལ་ས་ཡོད་པ་ཞིག་ མཛད་པས་རེ་བ་ཆེས་ཤིན་ཏུ་ཆེ་ཆེ་ཞེས་ཟེར་བས། དེར་ཕྲན་གྱིས་འདི་སྐད་བཤད་པ་ཡིན། ཁྱེད་རྣམ་པའི་ཕྲན་ལ་གདེང་འཇོག་དང་། རེ་བཅོལ་བྱས་པ་དེ་ཚོ། ཕྲན་གྱི་སེམས་ལ་བཞག་ཆོག་ འོན་ཀྱང་དོན་དག་དེ་ཚོང་མི་གཅིག་གིས། སྒྲུབ་ཐུབ་པ་དེ་འདྲ་མ་རེད། དགོན་པའི་བླ་གྲྭ་རྣམས་པ་དང་། དབུ་ཁྲིད་རྣམས་པ་དེ་བཞིན་མང་ཚོགས་བཅས། ཚང་མའི་ནུས་ཤུགས་འདོན་དགོས་རྒྱུ་དེ་འདྲ་རེད། དེ་ཡིན་དུས་ཚང་མའི་རྒོད་རྒོད་བྱེད་རོགས། དེ་སྔོན་ལོ་ཤས་ནང་ང་ཚོའི་དགོན་པ། ཡར་རྒྱས་མ་སོང་བའི་མ་ཚད། དགོན་པར་བླ་གྲྭ་བཞུགས་མི་མེད་པ་དང་། སྒྲུང་ཁང་ལྷ་མཆོད་མེད་པ། དེ་སྔོན་ལྟར་གྱི། ལོ་དུས་ཀྱི་འདུ་འཚོགས་མེད་པ། དགོན་པའི་གྱང་འགྱེལ་བ་སོགས་ཀྱི། གནད་དོན་སུ་ལ་ཐུག་ཡོད་ཟེར་ན། ང་ཚོ་བླ་མ་མཁན་པོ་དང་དབུ་མཛད་སོགས། དགོན་པའི་འགན་འཛིན་རྣམས་ལ་ཐུག་འདུག་ ཅི་རེད་ཟེར་ན་དགོན་པའི་འགན་འཛིན་རྣམས་པ། དང་པོ་དགོན་པར་རྒྱུན་ལྡན་བཞུགས་ཏེ། དེ་ནས་གྲྭ་པ་རྣམས་ཡར་དགོན་པར་སྡོད་དགོས་པས། སློབ་གསོ་བཏང་ནས་བསྒྲིགས་ཁྲིམས་བཞག་དགོས་པ་ལས། དགོན་པའི་འགན་ཁུར་བླ་མ་མཁན་པོ་རྣམས། གྲོང་ནག་ཏུ། སོ་སོའི་ཁྱིམ་ནང་དུ་བསྡད། གྲྭ་པ་རྣམས་སོ་སོའི་རྒྱག་ཆས་ཀ་ཁུར་ཏེ། དགོན་པར་སྡོད་ཟེར་དགོས་ན་དཀའ་མོ་རེད། དེ་སྔོན་ལོ་ཤས་ནང་ཕྲན་དགོན་པར། མཚམས་བསྙེན་སྒྲུབ་དང་། དགེ་སྦྱོར་བྱེད་ནས། ཏོག་ཙམ་འདུག་བསམ་ཡང་འདུག་ས་མ་རྙེད་ལ། དགོན་པའི་འགན་ཁུར་རྣམས་ཀྱི། མོས་མཐུན་མ་བྱས་པས། དགོན་པར་འདུག་རྒྱུ་རེད་མ་སོང་ལ། ལྡོམ་བུ་སོགས་འགྲོ་ནས། དགོན་པར་ཞབས་ཞུ་སྒྲུབ་བསམ་ཡང་། དགོན་པའི་འགན་ཁུར་རྣམ་པས། བཀོད་བསྒྲིགས་མ་བྱས་པས། ངས་དགོན་པར་ཞབས་ཞུ་འགྲུབ་མ་སོང་།  ད་ངས་རེ་བ་ལ། ད་ཐིང་འདམ་ཐོན་བྱུང་བས། ཁྱེད་བླ་མ་མཁན་པོ་དབུ་མཛད་རྣམས་པ། ངེས་པར་དུ་དགོན་པར་བཞུགས་རོགས་ཞུ་རྒྱུ་ཡིན། ཕྲན་རང་ཡང་་དགོན་པརབསྡད་ནས་དགེ་སྦྱོར་སྒྲུབ་བསམ་པ་ཡོད། ང་དགོན་པར་བསྡད་ནས། དགོན་པ་དར་རྒྱས་བཏང་དགོས་ན། ཁྱེད་བླ་གྲྭ་རྣམས་དང་། འགོ་ཁྲིད་སྡེ་བཅས་ཚང་མས། ཕྱལ་བ་གྲུ་འདེག་བྱེད་དགོས་པ་ལས། མི་རེ་རེ་ཙམ་དགོན་པར་བསྡད་པས། དགོན་པ་དར་རྒྱས་འབྱུང་ཐུབ་མ་རེད། དེ་འདྲ་ཡིན་དུས་ཚང་མའི། དགོན་པའི་བསྟན་པ་ཡིས་ཆེད་དུ། རྒྱབ་སྐྱོར་རོགས་རིམ་བྱེད་རོགས།  ད་རུང་དགོན་པ་བཀྲིས་སུམ་མདོ་ལ་སྤོས་ན་བསམ་པས། ཁྱེད་རྣམ་པའི་དགོང་ཚུལ་ག་འདྲ་ཡོད་བཤད་པ་ཡིན།  དེར་བླ་གྲྭ་དང་འགོ་ཁྲིད། མང་ཚོགས་བཅས་མང་ཆེ་བའི་། ད་ནི་དགོན་པའི་དེ་སྔོན་བླ་མ་མཁན་པོ་ནི་ཞིང་ལ་ཕེབས་ཟིན། དགོན་པར་འཚོགས་འདུ་བ་ཆད་དེ། བླ་གྲྭ་དང་། མང་ཚོགས་རྣམས། དགོན་པར་འགྲོ་མ་མྱོང་བརལོ་འགའ་ཕྱིན་སོང་། དགོན་པ་འགྱེལ་ནསཞིག་གསོམ་ཐོན་པར་ལོ་ཤས་སོང་། དགོན་པ་ས་གཞན་ལ་གསར་དུ།  བཞེངས་རྒྱུ་ནི་ཆོག་མཆན་ཀྱང་ཐོབ་རྒྱུ་མ་རེད་ལ། ཐོབ་ཀྱང་བཞེངས་མི་ཐུབ་སེམས་ཐག་ཆོད། དགོན་པ་དེ་སྔ་འདི་མར་ཞིག་རལ་དུ་གྱུར། གསར་པ་ཡར་མ་ཐོན་པར། ལུས་ལེ་གཏན་འཁེར་རེད། ང་ཚོའི་བླ་མ་མཁན་པོ་དང་། གྲྭ་པ་རྣམས་ག་འདྲ་ཡོད་ལོས་ཤེས། བླ་གྲྭ་མཁན་སློབ་ཐམས་ཅད། འགྲོ་ལུགས་འདུག་ལུགས་ལོས་ཤེས། སོགས་ཟེར་ནས་བླ་མ་གྲྭ་པ་ལ་ཡིད་ཆེས་དང་། དགོན་པ་ལ་རེ་བ་སེམས་གཏིང་ནས་ཆད་འདུག་ དེ་ནས་ཚོགས་འདུ་གྲོལ་རྗེས་ཕྲན་ནས། དགོན་པ་བདག་གཉེར། ཨུ་ཡོན་ལྷན་ཁང་གི་ཁོང་མི་རྣམས་པར། ད་ང་ཚོའི་ག་འདྲ་བྱེད། དགོན་པ་འགྱེལ་བའདི་ལྟར་སྐྱུར་ན་མི་རུང་བས། སླར་གསོ་ཅི་འདྲ་བྱེད། དགོན་པ་ཚོགས་རྒྱུ་སླར་གསོ་ག་འདྲ་བྱེད། དགོན་པ་ལ་དངུལ་དང་འབྲུ་རིགས་ག་ཚད་ཡོད་རེད། ད་ལོ་ལྡོམ་བུ་གང་ན་འགྲོ་སོགས་གྲོས་དྲིས་པས། ཁོང་ཚོའི་གཅིག་ནས་དགོན་པའི་འགན་ཁུར་གཏན་འཁེར་མ་བྱུང་བས། སུས་འགན་ཁུར་དགོས་པ་རེད། གཉིས་ནས་ད་ལོ་དགོན་པལས་མི་སྙེད་མ་རེད། ད་ཕྱི་ཚར་བ་རེདསྡེ་འབུ་བརྐོ་ར་འགྲོ་རན་རེད། ད་ལོ་ལྡོམ་བུ་འགྲོ་རྒྱུ་སོགསརྗེས་སུ་ང་ཚོ་གྲོས་བྱེད། གསུམ་ནས་དགོན་པ་ལ་འབྲུ་རིགས་ཡོད་མ་རེད། དངུལ་ནི། ༡༩༩༩ལོའི་འབུ་དངུལ་ལྷག་འཕྲོ་དང་། ༢༠༠༡ལོའི་ཕར་ཆོད་འབུ་དངུལ་། མང་ཆེ་བ་མཁན་པོ་བསམ་དགེ་སརཡོད་རེད། ཚུལ་ཁྲིམས་ཉི་མ་སར། སྦྲ་ཆེན་འབུ་དངུལ་སློང་མོ་བྱས་པས། སྒོར་ཏོག་ཙམ་ཡོད་རེད། ཡེ་ཤེས་རབ་གསལ་སར། སྒོརསྟོང་ཁ་ཤས་ཕྲག་ཡོད་རེད། གཉེར་པ་རྗེས་ཚར་བསྐལ་བཟང་སར། སྒོར་ཁྲི་མ་ཟིན་ཙམ་ཡོད་རེད། ད་ལྟའི་ལས་ཐོག་གཉེར་པ། བསོད་ནམ་དབང་འདུས་སར། སྒོརཏོག་ཙམ་ཡོད་རེད། ལས་ཐོག་གཉེར་པ་བརྩོན་འགྲུས་སར། སྒོར་སྟོང་གཅིག་ཙམ་ཡོད་རེད་ཟེར། ཕྲན་གྱི་ད་དགོན་པ་ལ་དངུལ་ཡོད་ན་། དགོན་པའི་གྲྭ་པ་རྣམས་ཡར་རུགས་ནས། འཚོ་བའི་འགྲོ་སོང་དགོན་པ་གཏོང་སྟེ།  དགོན་པའི་གྱང་བརྡུང་བཅོལ། གྲྭ་རྒན་རྣམས་ལ། སྒྲུབ་ཁང་འདོན་རོགས་ཞུས་ན་སྙམ། ཟེར་བ་ཡིནདེ་དུས་ཁོང་རྣམ་པས།  དགོན་པའི་དངུལ། ཐོ་ནང་ལ་དེ་ལྟར་ཡོད་པ་ལས། ལག་དངུལ་ཡོད་མ་རེད། ཡོད་པ་རྣམས་ཀྱང་། གཏོང་རྒྱུ་ཡོད་མ་རེད། གྲྭ་པ་རྣམས་ནི། ད་ལོ་རུགཐུབ་མ་རེད་གསུང་།  དེ་ནས་གང་སྔ་གང་མགྱོགས། གྲོས་བྱེད་རྒྱུ་བྱས་ཏེ་སོ་སོར་བྱེར། དེ་ནསདམར་པོ་ཐང་ལ། ཁྱིམ་གྱི་ཁང་པ་ཐོན་ནས་རྩིས་བླང་། ཨ་ཁུ་བྱང་ཆུབ་ཡར་གཟི་ཀིས་ལ་ཕེབས། དེར་ཁང་པ་ཐོན་ཚར་བ་དང་། ཁྱིམ་ནས་མ་རྒན་སོགས། དམར་པོ་ཐང་ལ་མར་སྤོ་རྒྱུ་མིན་ཟེར། ཤང་གི་མ་སྤོས་ན་མི་ཆོག་ཟེར་བས། གནས་སྐབས་གྲྭ་ཚུལ་ཁྲིམས་དགེ་ལེགས་དང་། ཚ་བུ་ཉི་འོད། ཕྲན་བཅས་དམར་པོ་ཐང་གི་ཁང་པར་བསྡད། དེ་ནས་དགོན་པའི་འགན་ཁུར་རེ་རེ་བཞིན། ཆ་རྒྱབ་སྟེ་ཚུན་ཁང་ནང་། གྲོས་བྱེད་ལ་ཤོགས་ཟེར་བ་ཡིན། ཡས་རབ་ཀྱིས་ངས། སྔོན་མ་དགོན་པའི་འགན་ཁུར་བ་ཡིན་ཏེ། དགོན་པར་རྒྱུན་འདུག་བྱེད་རྒྱུ་མ་བྱུང་བས་དགོན་པ་ཅི་ཐོན་མ་སོང་། དེ་མི་དགོ་ཐ་ན་ང་ཁྲིམས་ལ་ཐུག་སོང་བས། ངས་སྔོན་མ་ནས་ད་དགོན་པའི་འགན་མི་ཁུར་ཟེར་ཏེ། མནའ་བཀྱལ་ཚར་བ་ཡིན་ཟེར། ཕྲན་གྱིས་དགོན་པའི་འགན་ཁུར་འདམ་སྐབས། ཁྱེད་ཀྱི་དེ་འདྲ་མི་ཟེར་བ། ཅི་ཡིན་བཤད་པ་ཡིན། ཡས་རབ་ཀྱིས། དེ་དུས་ཟེར་མ་ཟེར་གཅིག་པ་རེད། དགོན་པ་དམངས་གཙོ་བདག་གཉེར་སུ་བསྐོས་ཀྱང། དགོན་པའི་འགན་ངོ་མ་ཁུར་མཁན་ཡོད་མ་རེད། ཁྱེད་ཀྱི་ཤེས་འོང་རྒྱུ་རེད་ཟེར། དེ་མིན་ཨ་ཁུ་གཡུང་དྲུང་གྲགས་པས། གྲོས་ཁྱེད་ཚོའི་ཅི་བྱས་ལ་བློ་བབས། ང་དེ་སྔོན་དགོན་པའི་དོན་ལ། ལྡོམ་བུ་མ་སོང་བསམ་པ་མེད། ད་ནི་ལོ་རྒས་སོང་བས་དགོན་པར་ཡོང་མི་ཐུབ་ལ། ལྡོམ་བུ་འགྲོ་མི་ཐུབ་པས་དགོང་པ་གནང་རོགས་ཟེར། དེ་མིན་བསམ་དགེ་དང་ཚུལ་ཉི་གཉིས་ཀྱི། དགོན་པ་བདག་གཉེར་ཚང་མ་མ་འདུས་ན། གྲོས་བྱེད་རྒྱུ་ཅི་ཡོད་མ་རེད། ང་ཚོ་མི་རེ་རེ་གཉིས་གཉིས་ཀྱི། དགོན་པ་ནི་མ་རེད། ཁོ་ཚོ་ཚང་མ་ལ་དགོན་པ་མ་མཁོ་ན། ང་ཚོ་ཁེར་རུ་ཚེགས་དཀའ་ལས། རྒྱབ་བསྡད་པས་ཅི་ཕན་མག་ དེ་ལས་ད་ལོ། ལྡོམ་བུ་འགྲོ་རྒྱུ་དང་། དགོན་པ་ལས་རྒྱུ་སོགས། བསྐྱུར་འཇོག་རྒྱུ་རེད་ཟེར། དེ་ནས་ཕྲན་མི་གཅིག་གི་ ཅི་བྱ་འདི་བྱ་མ་སྙེད་པར་ལུས་སོང་། ལོ་དེའི་དབྱར་ཀ་དམར་པོ་ཐང་ལ། གྲྭ་ཚུལ་ཁྲིམས་དགེ་ལེགས་དང་ཕྲན་གཉིས། ཨ་དཀར་སྒྲུབ་སྦྱོང་ཞེ་དགུ་ཞིག་བསྡད། དེ་མཚམས་མཐའ་ཞུ་བླ་རབས་རིམ་བྱོན་གྱི།  ལོ་རྒྱུས་མདོར་བསྡུས་ཤིག་ གསེར་རྩ་མཐའ་ཞུ་ཚང་གི་བླ་མ་ཨོ་ནེ་ལ། ཡོད་པ་ཐོས་པས། དེར་གཡར་མི་གསེར་རྩ་སོང་བསམཐའ་ཞུ་བླ་རབས་གཡར་རྒྱུ་སྙེད་པས། དེ་གཡང་དགེར་ཕུལ་ཏེ། ཁྱུང་པོ་སྟེང་ཆེན་དེབ་དང་པོར་འགོད་རོགས་ཞུས། སྟོན་ཁ་སྤྱི་ཟླ་༩་པའི་ཚེས་༨་ཉིན། ཚ་བུ་ཚེ་དབང་གཡུང་དྲུང་དང་། གྲྭ་ཚུལ་ཁྲིམས་དགེ་ལེགས། ཕྲན་གསུམ་གནས་བསྐོར་སོང་། ཕར་ལམ་་ལྷ་སར་འགར་བ་ལ། སྐུ་གདུང་གསུམ་བཟོ་རྒྱུའི་ཁ་ཆད་བྱས། གཏའ་མ་སྒོར་ཁྲི་གཅིག་སྤྲད། དེ་ནས་ཀོང་པོར་སོང་ཏེ། བོན་རི་ལ་བསྐོར་བ་ས་བཅུའི་གྲངས་ཤིག་ཕུལ། གཅེན་པོ་ཚུལ་ཡེ་རིན་པོ་ཆེའི། བཟང་ངན་ལས་འབྲེལ་གཙོར་བྱས་པས། མ་གྱུར་འགྲོ་བ་ཀུན་ལབསྔོ་བ་ཡང་དག་པ་བྱས། ཚུལ་ལམ་ལྷ་ས་ནས་སྐུ་གདུང་གསུམ་པོ། བཟོས་ཚར་འདུག་པ་གདན་འདྲེན་བྱས་ཏེ། ཕ་ཡུལ་དུ་འབྱོར་དེ་མཚམས་སྟེང་ཆེན་དགོན་དུ། སྒྲུབ་ཆེན་འཚོགས་ལ་ཤོག་གསུང་པས་དེར་སོང་། དེ་གྲོལ་མཚམས་ལྷ་མཐོང་སྔོ་ས་ཚང་ལ། དབལ་ཆུ་བཀོལ་ཏེ་ཞག་གསུམ་འགོར། དེ་ནས་ད་འདི་ལྟར་བསྡད་ན། དགོན་པ་བསྐྱར་གསོ་བྱེད་རྒྱུ་ཕར་བཞག་ སླར་ཡང་དགོན་པ་མི་འགྱེལ་བའི། ངེས་པ་མི་འདུག་སྙམ་པས། ད་དགོན་པར་ཡར་གཏན་སྡོད་བྱེད། དེ་ནས་ལྡོམ་བུ་འགྲོ་རྒྱུའི་ཆ་རྐྱེན་འཛོམས་ན། ལྡོམ་བུ་འགྲོ་ནས་དགོན་པ་ཉམས་གསོ་བྱེད། མ་བྱུང་ཡང་དངུལ་གཡར་ནས། དགོན་པ་འགྱེལ་བ་བསྐྱར་གསོ་མ་བྱས་ན་ཐབས་མི་འདུག་ ཁོང་བླ་མ་མཁན་པོ་དབུ་མཛད་སོགས་ལ། ཞུས་ཀྱང་ངས་བཤད་པ་མི་ཉན་པར། ཐུགས་དགོངས་འཁྲུག་འགྲོ་འདུག་པས། ད་སྔོན་ལ་ང་རང་ཡར་དགོན་པར།  འདུག་དགོས་པ་གདའ་བསམ་ནས།  རྒྱག་ཆས་ཀ་དང་ཀོང་བུ་མཆོད་མར། སྣོད་ཐབ་ཆས། མཆོད་ཆས་སོགས་ཆབ་ཚང་ཁུར་ཏེ། ཚ་བུ་གྲྭ་ཚུལ་ཁྲིམས་དགེ་ལེགས་དང་། ཚ་བུ་ཉི་འོད་དང་། མི་ནུབ། བརྩོན་འགྲུས་ཕྲན་བཅས། ངེད་ལྔ་༢༠༠༢ ལོའི་སྤྱི་ཟླ་༡པའི་་༨་་་ཉིན། རྫོང་ཁྲོད་དུ་དགོན་པར་འབྱོར། དགོན་པར་་་༡༩༩༩་་ལོར་བླ་མ་པད་མ་ཀུན་ལེགས་ཞིང་ལ་ཕེབས། ལོ་དེར་དགོན་པའི་ལོ་དུས་ཀྱི་འཚོགས་འདུ་བ་ཆད། ༢༠༠༡་་ལོར་དགོན་པ་འགྱེལ་ནས་བསྐྱར་གསོ་མ་ཐུབ་པར་ལུས་ནས། དགོན་པར་བླ་གྲྭ་བསྡད་མི་མེད་པར་གྱུར་ཏེ། རྔ་གཤང་གི་སྒྲ་ཆག་ སྨན་རག་གི་མཚོ་སྐོམ་ནས་ལོ་གཉིས་ལྷག་སོང་རིང་། འདུ་ཁང་ཞབས་ཀྱི་ཁང་པ་ནང་དུ། དུད་ཞིག་གི་རྩ་བླུག་ས་དང་བེའུ་བཏགས་ས་བྱས། མཁན་རིན་པོ་སྐུ་འཚོ་བཞུགས་སྐབས་ཀྱི། རྡོ་བརྩིགས་ཀྱི། ཇ་ཁང་་ཆུང་ཆུང་ཞིག་ཡོད་པ། དེའང་རྩ་ཚང་བྱས། སྔོན་མ་དགོན་པའི་ལྕང་རྭ་ནི། དུད་ཚང་དེའི། ཞིང་ཁ་དང་ཚད་རྩ་རྭ་བྱས་ཏེ། རྡོ་བརྩིག་གི་བསྐོར་འདུག་  དེ་སྐབས་དགོན་པ་ནི། འདུ་ཁང་ཕུག་གི་གྱང་འགྱེལ་ཏེ། འདུ་ཁང་ཚད་ཀ་ས་རྡོའི་གང་བ་དང་དེར་བྱ་ཕུག་རོན་གྱི་ཚང་བཅས ལྷོ་ཤར་གྱི་སྐར་ཁུང་གི་ཤེལ་ཚང་མ་ཆག་   འདུ་ཁང་ནང་ས་རྡོའི་གསེང་དུ། ཁྱི་ལུད་དང་མིའི་གཅིན་སྐྱག་གི་གང་། འདུ་ཁང་སྟོད་ཀྱི་གྲྭ་ཤག་མཛོད་གསུམ་ལས། མཛོད་གཉིས་འགྱེལ་ནས། གདུང་མ་དང་དྲའུ་ཚང་མ་ཆག་ནས་གསེང་དུ་ཝ་སྦྲེའི་ཚང་བཅས། སྒྲུབ་ཁང་སྡོད་སར། བྱིའུ་ཡི་བྲུས་ཀྱི་གང་། ཇ་ཁང་ནང་མེ་འབུད་མཁན་མེད་པའི་སྡོམ་དྲྭའི་གང་།  འདུ་ཁང་ནང་གཞན་ཅ་ཀ་ཅི་མི་འདུག་ཀྱང་། མདུན་ལྕོགས་བཞི་འདུག་པཚང་མགྱང་འགྱེལ་དུས། ཆག་སྐྲུག་བཟོས་ཏེ། བལྟ་བ་མིག་གི་མི་བཟོད། བསམ་པ་སེམས་ཀྱི་མི་བཟོད་པར་གྱུར་འདུག་པས། དེར་ངེད་ནས་མཆོག་གསུམ་ལྷ་དང་སྲུང་མ་ལ། གསོལ་བ་སྙིང་ནས་བཏབ་སྟེ། བོན་བསྟན་དར་རྒྱས་ཡོང་བའི་འབོད་བསྐུལ་བྱས་བཞིན། ཡུད་ཙམ་བསྡད། དེ་ནས་ངེད་ཚོའི་འདུ་ཁང་གི་སྐར་ཁུང་ལ། ཆུ་ཤོག་སྦྱརརས་དཀར་གྱི་ཡོལ་ལ་རྒྱབ་སྟེ། ཁྱི་དང་ལྷག་རླངས་འགོག་ཐབས་བྱས།  དང་པོ་འདུ་ཁང་ནང་གི་གཅིན་སྐྱག་དེ་ཚོ། གཙང་མ་བཟོས། དེ་ནས་སྒྲུབ་ཁང་་ནང་གཙང་སྦྲ་བྱས། དེ་སྐབས་དགོན་པར། འཚོ་བའི་སྐོར་ཤ་མར་ཙམ་པ་སོགས་ནི་གར་ཡོད་དེ། ཅ་ལག་ལ་ཇ་རྫ་གཅིག་ ཀྱོག་གཉིས། ལྕགས་ཐབ་ཞིག་ལས། གཞན་གང་མི་འདུག་མཆོད་ཆས་སོགས། འདུ་ཁང་འགྱེལ་དུས། ས་ཡི་འོག་ཏུ་མ་སོང་བ་འགའ་ཤས་ནི། གཉེར་པས་ཁྱིམ་ནང་ཉར་ར་བྱས་ཏེ། ཁུར་ཚར་ནས། དགོན་པར་ཅ་ལག་གཞན། ཅི་མི་འདུག་ལ། སྡོད་སའི་ཁང་པ་གཞན་མི་འདུག་ཀྱང་། སྒྲུབ་ཁང་སྡོད་སའི་ཁང་པ་ལ། ཕྲན་བསྡད་དེ། ཐོ་རང་དང་དགོང་མོ་གནས་ལུགས་ཀྱི་ངང་ལ། ཐུན་རེ་བསྡད། སྔ་དགོང་སྟག་ལ་བཅས་ནསབསྙེན་པ་བགྲང་། ཉིན་གུང་རྒྱུན་འདོན་ཁ་འདོན་འདོན་པ་དང་། ཕྱག་བརྒྱ་ཡན་བཙལ  ཁོང་གཞོན་པ་རྣམས། འདུ་ཁང་གི་ཚདམ་འགྱེལ་ས་ནས། ཆུ་ཤོག་བཀབ་སྟེ། ཁ་ཆར་མ་བབས་པ་བཟོས་ནས། སྟག་ལ་སྤུ་གྲི་དམར་པོའི་ཚོགས་གྲངས་བསགས་། དེ་ལྟར་ངེད་ལྔ་དགོན་པར་བསྡད་དེ།  ཕྲན་གྱི་སྒོམ་སྒྲུབ་ཉམས་ལེན་དང་། དགེ་སྦྱོར་ལ་ཉིན་མཚན་བར་མེད་ཀྱི་སྒྲུབ་ཁུལ་བྱས། དེ་ནས་སྤྱི་ཟླ་༡༢པའི་ཚེས་༨ཉིན། གྲྭ་བཙུན་རྒྱལ་བ་ཚུལ་ཁྲིམས་དང་། འབོ་ནོར་བུ་གཉིས་འབྱོར་ཏེ། སྔོན་འགྲོ་བཀའ་ལུང་རྒྱ་མཚོའི། ཁྲིད་འདོན་དགོས་ཟེར་བས། དེ་ཉིན་ནས་བཟུང་ཐུན་བར་རྣམས་སུ། ཁོང་གཉིས་ཚ་བོ་བཞི་བཅས། ཁོང་དྲུག་ལ་སྔོན་འགྲོ། བཀའ་ལུང་རྒྱ་མཚོའི་ཁྲིད་བཏོན་པ་ཡིན། ཁོང་ཚོའི་ནང་དགོང་སྐྱབས་སེམས་དང་ཕྱག་བཅས། བསགས་སྦྱོང་བྱས། ཉིན་གུང་སྟག་ལའི་ཚོགས་བསགས་བཞིན་བསྡད།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.