ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཡུང་དྲུང་ཡན་ལག་ཚིགས་སུ་བཅད་པའི་དབྱངས་སྙན། | 2013/10/9 13:25:00

གཡུང་དྲུང་ཡན་ལག་ཚིགས་སུ་བཅད་པའི་དབྱངས་སྙན།

 

སྣང་བའི་ཞིང་དུ་ཐེག་དགུའི་དབྱངས་སྙན་གྱིས།།

 ཀུན་ཀྱང་མྱ་ངན་མེད་པའི་གྲོང་ཁྱེར་ཆེར།།

 བཀྲི་བའི་སྟོན་མཆོག་མ་འདྲིས་མཛའ་བཤེས་ཆེ།།

 དམུ་རིགས་རྒྱལ་སྲས་དམ་པ་གཙུག་ན་རྒྱལ།།

 

ཐེག་མཆོག་ལྟ་བའི་ཀློང་ཆེན་ལས་འོང་པའི།།

སྣང་གྲགས་སྲིད་ཞིའི་རྦ་རླབས་འཕྱུར་བ་ལས།།

རང་གཟུགས་དགྲ་རུ་མཚན་འཛིན་སེང་ཆེན་ཁྱུ།།

འཇོམས་པའི་ཤེས་རབ་གླང་ཆེན་མཐུ་ལ་བལྟ།།

 

མཐའ་བཞི་རྒྱ་གྲོལ་ནམ་མཁའི་མཐོངས་ཡངས་པོར།།

ལྟ་བ་ཁྱུང་ཆེན་ལྡིང་བའི་གཤོག་རྩལ་གྱིས།།

རྣམ་བྱང་དཔག་བསམ་ཕྱོགས་ལ་དབང་བྱེད་པའི།།

དྲན་ཐག་རྩིབས་སྟོང་འཁོར་ལོ་ཅི་ཡང་བསྒྱུར།།

 

བརྒྱ་ཕྲག་བཅུ་གཉིས་དཔལ་ལ་སྤྱོད་པའི་མཆོག།

སྟོང་གསུམ་རིན་ཆེན་ཁྲག་ཁྲིག་གཏེར་གྱིས་ཁེངས།།

སྔར་མིན་དོན་ཐོབ་ཕན་བདེའི་སྐྱིད་ལ་དབང་།།

དགའ་བ་ནོར་བུའི་མཛོད་ལ་བདག་གིར་བ།།

 

སྨོན་འཇུག་ཚོགས་གཉིས་ཀླུང་ཆེན་བརྒལ་བའི་མཐུས།།

སྐུ་བཞི་མངོན་དགའི་གནས་ལ་བསྐྱེལ་བ་ཡི།།

ལྷག་བསམ་ལྕག་གིས་བསྐུལ་བའི་ཟིལ་ཤུགས་ཀྱིས།།

བརྩོན་འགྲུས་རྟ་པོ་རིན་ཆེན་ཡུན་གྱིས་བསྐྱོད།།

 

དཔྱད་འཇོག་རྣལ་འབྱོར་ཟུང་ལ་དཔལ་སྟེར་ཞིང་།།  

ཞི་ལྷག་ཏིང་འཛིན་ཉམས་ཀྱི་བདེ་དགའ་འབར།།

བྱང་ཆབ་ལམ་ཆེན་བགྲོད་པའི་གྲོགས་ཀྱི་ཕུལ།།

ཤིན་སྦྱོང་ལང་ཚོའི་དཔལ་ཆགས་བཙུན་མོར་བསྙེན།།

 

རྩོལ་བཅས་མཚན་མས་བསྒུལ་བ་ལས་འདས་པའི།།

དམིགས་མེད་རྩེ་ཅིག་བརྟན་པའི་གོ་ཆ་ཅན།།

ས་དབང་ལེགས་ཉེས་བཀའ་ཡི་འཁོར་ལོ་བ།།

ཏིང་འཛིན་བློན་པོའི་བློ་གྲོས་རབ་ཏུ་བརྟན།། 

 

བཟོད་པའི་གོ་ཆ་འབུག་པའི་རྣོ་དབལ་ལ།།

བྱུང་ཚོར་གཡུལ་ངོ་ཟློག་པའི་དཔལ་རྩལ་ཅན།།

ཀུན་བརྟགས་དཔུང་ཆེན་རྣམ་བཞིའི་གཤེད་མ་སྟེ།།

བཏང་སྙོམས་དམག་དཔོན་ཕམ་པ་མེད་པར་བརྗིད།།

 

ཨེ་མ་ལུགས་ཉིད་དཔའ་ཁའི་དན་རྟགས་སུ།།

སྲིད་ཀྱི་རིན་ཆེན་རོལ་མཚོའི་གྲངས་འཛིན་པ།།

འཕགས་ནོར་བདུན་ལྡན་ཞི་མཚོ་ཆེན་པོ་རུ།།

རྒྱལ་སྲས་དམ་པའི་རྒྱན་དུ་སྒེག་ལ་ལྟོས།།

ཞེས་ས་དང་པོ་ཐོབ་པའི་འཕགས་པའི་ནོར་བདུན་གྱི་དཔེ་རྒྱལ་སྲིད་སྣ་བདུན་ལས་སྦྱར་བ་ས་ལམ་རྣམས་སུ་བསྟན་པ་བཞིན་དཔེ་དོན་སྦྱོར་བའོ།། ༢༠༡༣ ༩ ༢༦ལའོ།

Re:གཡུང་དྲུང་ཡན་ལག་ཚིགས་སུ་བཅད་པའི་དབྱངས་སྙན། | 2013/10/11 23:44:55
སྐུ་མགྲོན་028Jan(སྐུ་མགྲོན)བཀའ་དྲིན་ཆེ། དོན་ལྡན་གྱི་ལེགས་བཤད་འདི་ལྟར་ཡང་དུ་འཇོ་བར་སྨོན།
རྩོམ་པ་པོ།:སྐུ་མགྲོན་028Jan(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་ཡན་ལག་ཚིགས་སུ་བཅད་པའི་དབྱངས་སྙན། | 2013/10/13 14:30:53
སྐུ་མགྲོན་v05Dt2(སྐུ་མགྲོན)བལྟས་ཡོད་རྒན། གཤེན་སྨྱུག་པས།
རྩོམ་པ་པོ།:སྐུ་མགྲོན་v05Dt2(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་ཡན་ལག་ཚིགས་སུ་བཅད་པའི་དབྱངས་སྙན། | 2013/11/30 17:51:48
སྐུ་མགྲོན་028Jbn(སྐུ་མགྲོན)ཁྱུང་སྨྱུག་མཛེས་ལགས། ཁྱེད་ཀྱིས་སྙན་ངག་རིན་ཆེན་ལྡེ་མིག་གི་འགྲེལ་
བ་ཞིག་བརྩམས་རེད་ཟེར་འདུག། དེ་དུས་ཚོད་ག་དུས་ཐོན་ངེས་ཡིན།
སྟོད་འགག་སྔོན་པོའི་འོག་གི་གྲྭ་ཆུང་ནས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་028Jbn(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:གཡུང་དྲུང་ཡན་ལག་ཚིགས་སུ་བཅད་པའི་དབྱངས་སྙན། | 2013/12/2 19:42:42
kongboཡག་པོ་འདུག་ལགས།
Re:གཡུང་དྲུང་ཡན་ལག་ཚིགས་སུ་བཅད་པའི་དབྱངས་སྙན། | 2014/6/24 15:49:59
སྐུ་མགྲོན་KOFr3U(སྐུ་མགྲོན)ལགས་སོ
རྩོམ་པ་པོ།:སྐུ་མགྲོན་KOFr3U(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.