ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2012/5/17 19:36:00 | By: ཁྱུང་པོ་དཔལ་རྒྱལ། ]
 

                                    བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།

                         

      རང་རེ་ཁ་བ་གངས་ཅན་པའི་དེང་གི་འཚོ་བའི་ཁྲོད་དུ་མང་མང་གིས་སྡོམ་པ་ཤོར་ཟེར་བ་ནི་བུད་མེད་དང་ལུས་འབྲེལ་བྱས་པ་ཁོ་ནར་

གོ་བ་ལྟ་བུ་ལས་མི་དགེ་ལས་གཞན་ཅི་ཞིག་བྱས་ཀྱང་།  སྡོམ་པ་ཤོར་བ་བཀའ་ལོག་པ་ཞིག་ཏུ་བརྩི་སྲོལ་མེད་པ་འདི་ནི་ངོ་མཚར་

མིན་པའི་ངོ་མཚར་ཞིག་ཅི་ལ་མིན།   དེ་དང་འདྲ་བར་བརྩེ་དུང་ཞེས་པའི་ཐ་སྙད་དེ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་མ་ཐག་ལམ་སང་ཕོ་མོའི་

བར་གྱི་འདོད་བརྩེ་ཁོ་ནར་ངོས་འཛིན་པ་ནི་ཤིན་ཏུ་གུ་དོག་པའི་ལྟ་ཚུལ་ཞིག་ཡིན་པར་སྙམ་སྟེ།དོན་དམ་དུ་ཕོ་མོའི་བར་གྱི་བརྩེ་དུང་དང་།

  དེ་བཞིན།  དགེ་སློབ་བར་གྱི་བརྩེ་དུང་། སློབ་གྲོགས་བར་གྱི་བརྩེ་དུང་། གཉེན་ཉེའི་བར་གྱི་བརྩེ་དུང་། དཔོན་གཡོག་བར་གྱི་བརྩེ་དུང་།

  ཕ་ཡུལ་གཅིག་པའི་བརྩེ་དུང་།  མི་རིགས་བར་གྱི་བརྩེ་དུང་།  བྱོལ་སོང་དང་མིའི་བར་གྱི་བརྩེ་དུང་།  བྱོལ་སོང་དང་བྱོལ་སོང་བར་གྱི་

བརྩེ་དུང་སོགས་བརྩེ་དུང་ལའང་རིགས་མི་འདྲ་བ་དུ་མ་ཞིག་ཡོད་ལ།   དེར་འགྲེལ་བརྗོད་བྱེད་སྟངས་ཀྱང་མང་པོ་ཡོད་མོད་སྤྱིའི་ཆ་ནས་

ཁ་ཕྱོགས་གཅིག་ཏུ་གནས། གུས་པས་བརྩེ་དུང་ཟེར་བ་ནི་ལྷག་བསམ་རྣམ་དག་གི་བལ་ལས་གྲུབ་པའི་དགའ་བྱམས་བཀུར་གསུམ་གྱི་སྐུད་པ་

གཅིག་ཏུ་སྒྲིམ་པའི་མཛའ་མཐུན་གྱི་གྲུ་གུ་ཞིག་སྟེ་མདོར་ན་བདག་གཞན་མཉམ་བརྗེའི་ཀུན་སློང་གི་དཀྱིལ་འཁོར་ཆེན་པའི་ནང་གི་གྲུ་ཟུར་

ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད།གཤམ་དུ་དེ་འབྲེལ་གྱི་པར་རིས་གསལ་བཤད་ཅན་ཁ་ཤས་ཟིན་ཀློག་པ་རྣམ་པའི་སྤྱན་སྔར་འབུལ་

རྒྱུ་ཡིན་ཞིང་དེ་དག་ལ་ཞིབ་པར་གཟིགས་རྗེས་བརྩེ་དུང་ཞེས་པར་ངེས་ཤེས་ཆེ་རུ་འགྲོ་ནའང་ཐང་།

 

 好友爱的一幕!探险者给饿了的小北极熊食…

1 བཀྲེས་ལྟོགས་ཀྱིས་མནར་བའི་དོམ་མ་ལ་མི་སེམས་བཟང་འདིས་ཟས་སྟེར་བར་དོམ་ཕྲུག་གིས་དྲིན་གཟོའི་རྣམ་པས་འཐམ་འཁྱུད་བྱེད་པ།

  ཁོང་གིས་ཁྱི་འདི་སྤྱི་ལོ་ཉིས་སྟོང་གསུམ་ལོར་གསོས་པ་དང་ལོ་གཉིས་ཀྱི་མཚམས་ནས་བོར་འདུག དེ་ནས་ལོ་བདུན་གྱི་རྗེས་སུ་གཞི་ནས་

ཁྲོམ་ལམ་ཞིག་ཏུ་འཕྲད་མ་ཐག་ཁྱིས་བདག་པོ་ངོ་ཤེས་ཏེ་མིག་ཆུ་བཏང་བས་བདག་པོ་ཡང་རང་དབང་མེད་པར་ངུ་ཤོར་བ། 

        ལྔ་པའི་ཚེས་བཅུ་བདུན་ཉིན།  གོས་ཧྲུལ་གྱོན་ཞིང་འཁར་བ་བཟུང་བའི་སྤྲང་པོ་ཞིག་གིས་ས་ཡོམ་ཞལ་འདེབས་སུ་སྐར་ལི་དང་མོར་ཙག་

རེ་རེ་བཞིན་ཞལ་འདེབས་སློང་སྒམ་ནང་དུ་བཅུག་བཞིན་པ།

ཨ་མ་བོར་བའི་སྤྲེའུ་དྭ་ཕྲུག་འདིས་ཕུག་རོན་དཀར་པོར་དགའ་བརྩེ་ངང་འཐམ་ན་ཡང་།

ཕུག་རོན་འདིར་དངངས་འཚུབ་མེད་པར་ཞི་དུལ་གྱིས་སྤྲེའུ་ཕྲུག་གི་བརྩེ་དུང་དང་ལེན་བྱེད་པ།

 

 ཉའོ་ཡུལ་ནས་ཡིན་པའི་ཁྲ་ལིད་སིམ་ནི་སྔར་ཚོང་པ་ཆེན་པོ་ཞིག་ཡིན་འདུག་མོད།རིམ་བཞིན་མ་རྩ་རྡིབས་ནས་རྒྱུ་དབང་གང་ཡང་མེད་པར་

གྱུར་པས་སྔར་གྱི་གྲོགས་པོ་ཚོ་མི་མཐོང་བར་གྱུར་པ་མ་ཟད།ཐ་ན་ཆུང་མ་ཡང་ཁ་བྲལ་ཏེ་ཅི་ཡང་མེད་པའི་སྐབས་སུ་སྒོ་ཁྱི་དེ་ཁོ་ནས་སྡུག་དུས་

སེམས་པ་གསོ་རོགས་དང་སློང་དུས་ལམ་རོགས་བྱས་ཏེ་དཀའ་སྡུག་གི་འཚོ་བ་མཉམ་དུ་སྐྱེལ་འདུག སྐབས་འདིར་གུས་པས་དེ་སྔོན་བྲིས་པའི་

ལེགས་བཤད་ཤོ་ལོ་ཀ་ཞིག་དྲན་བྱུང་བ་སྟེ།    

ཆུང་ནས་གསོས་པའི་ཁྱི་རྒན་དེས།།  བདག་པོ་ཕྱུག་དབུལ་ཅི་བྱུང་རུང་།།

སྒོ་ཁར་ཉལ་ཅིང་སྲུང་བ་བཞིན།།  གཞུང་རྒྱུད་དྲང་ལ་བརྟན་པ་དགོས།།

 ཞེས་པ་དེའོ།།

1.jpg

རང་ཉིད་ཀྱི་ཁྱོ་གར་ནད་ཚབས་ཆེན་ཞིག་ཕོག་སྟེ་མི་ལོ་ཉི་ཤུ་རྩ་གཉིས་རིང་ལ་གཡོ་འགུལ་མི་ཐུབ་པར་ཉལ་སར་ལུས་ན་ཡང་།

གཞོན་ནུ་མ་ཞིག་གིས་ཉིན་གཅིག་ནང་བཞིན་ནད་གཡོགས་དང་ལྟ་སྐྱོང་བྱས་ཤིང་མཐར་རྒས་འདུག་ཀྱང་།   ཁོ་གཉིས་བར་གྱི་

བརྩེ་དུང་དེ་ད་དུང་རྒས་མི་འདུག

 

གཤམ་དུ་འགྲེལ་བཤད་མ་བྱས་ཀྱང་གོ་བ་ལོན་པའི་པར་རིས་ཁག་ཅིག་བཞག་ཡོད།

 

 

 
 
Re:བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2015/3/12 21:46:06 | By: ས(སྐུ་མགྲོན) ]
 
ས(སྐུ་མགྲོན)
 
 
Re:བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2012/11/22 23:10:52 | By: སྐུ་མགྲོན་12Xk05(སྐུ་མགྲོན) ]
 
སྐུ་མགྲོན་12Xk05(སྐུ་མགྲོན)
 
 
Re:བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2012/8/27 15:25:03 | By: སྐུ་མགྲོན་8dt2Wj(སྐུ་མགྲོན) ]
 
སྐུ་མགྲོན་8dt2Wj(སྐུ་མགྲོན)མེ་ཏོག་ལྷ་མོ་ལགས་ཁྱེད་གྱིས་ཚུལ་ལྡན་བཙུན་པ་མཐོང་བ་དཀའ་ཟེར་ནས་ཚེག་ཐག་ཆོད་པོ་གསུང་སུང་ཁྱེད་གྱིས་དེས་་དོན་ཤེས་དགོས་དོན་གང་ཡིན་ནམ་་་ཨ་ཁ་ཨ་ཁ་།
 
 
Re:བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2012/8/27 15:12:19 | By: སྐུ་མགྲོན་8dt2Wj(སྐུ་མགྲོན) ]
 
སྐུ་མགྲོན་8dt2Wj(སྐུ་མགྲོན)མེ་ཏོག་ལྷ་མོ་ལགས་ཁྱེད་གྱིས་ཚུལ་ལྡན་བཙུན་པ་མཐོང་་བ་དཀའ་ཟེར་ནས་ཚེག་ཐགས་ཆོད་པོ་གསང་སུང་དི་ཁྱེད་གྱིས་ཤེས་དགོས་དོན་ག་རེ་ཡིན་ནམ་་་་ཧ་་་ཧ་་་ཧ
 
 
Re:བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2012/8/8 2:24:01 | By: སེམས་(སྐུ་མགྲོན) ]
 
སེམས་(སྐུ་མགྲོན)བརྩེ་བ་ནི་ བྱམས་ སྙིང་རྗེ་ སྲེད་པ་ དགའ་བ་ འདྲེས་པ་ སྤྱོད་པ་མཐུན་པ་ མོས་པ་སོགས་ཡིན་ཏེ་ཕ་མའི་བུ་ལ་བརྩེ་བ་ནི་བྱམས་དང་ བླ་མའི་ཉམས་ཐག་ལ་བརྩེ་བ་ནི་སྙིང་རྗེ་དང་ མི་ཁྱུ་ཞིག་མཛེས་མ་ལ་བརྩེ་བ་ནི་སྲེད་པ་དང་ རང་གི་གྲོགས་གང་ཞིག་གིས་རང་དང་མཐུན་པའི་བྱ་བ་ལེགས་གྲུབ་བྱུང་བ་ལ་བརྩེ་བ་ནི་དགའ་བ་དང་ གཞན་པའི་དོན་གང་མ་ཡིན་ཀྱང་ཁ་བྲལ་མི་ཕོད་པའི་བརྩེ་བ་ནི་འདྲེས་པ་དང་ ཁ་མང་པོ་དང་ཁ་ཉུང་ཉུང་གང་ཡིན་རུང་དེ་མཚུངས་པའི་མི་དང་མཉམ་དུ་འགྲོ་འོས་པ་ནི་སྤོུད་པ་མཐུན་པ་ཞེས་འཇོག་དགོས་སྙམ་ དུང་བ་ནི་དེ་ལྟར་འཁྱུད་བྱེད་ཡིན་སེམས་ནས།
 
 
Re:བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2012/6/2 22:56:40 | By: སྐུ་མགྲོན་tXob6E(སྐུ་མགྲོན) ]
 
སྐུ་མགྲོན་tXob6E(སྐུ་མགྲོན)རང་གཞན་ཀུན་གྱི་འདུལ་གཞུང་མི་རྟག་པ་ཡིན་ཕྱིར་རྗེ་རྣམ་གཉིས་ཀྱི་དུས་ལ་འདུལ་གཞུང་ལྟར་སྲུང་དགོས་ལ་དེང་སང་ངས་ལྟས་ན་བོན་ལ་མི་གཙང་བ་སྤྱོད་མིན་དང་བན་ལ་དུག་ཆུ་འཐུང་མིན་ཙམ་གྱིས་ཚུལ་ལྡན་ཞིག་ཁས་ལེ ན་ནམ་སྙམ།།
དེ་མིན་ཚུལ་ལྡན་བཙུན་པ་མཐོང་བ་དཀའ།།
དོག་དཔྱོད་སེལ་བའི་ལེན་ཞིག་ཡོད་ན་དགའ།།
སྐར་མ་ལྔ་ཡི་འགྲོན་ཁང་ནས་མེ་ཏོག་ལྷ་མོས་བྲིས།།
 
 
Re:བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2012/6/2 21:40:36 | By: སྐུ་མགྲོན་017Hyl(སྐུ་མགྲོན) ]
 
སྐུ་མགྲོན་017Hyl(སྐུ་མགྲོན)དེས་ན་སྡོམ་པ་ཤོར་ཟེར་བ་དེ་ཅི་ཞིག་རེད།
 
 
Re:བརྩེ་དུང་ནི་འདི་ལྟ་བུར་ཟེར་ངེས་སྙམ།
[ 2012/6/2 21:37:47 | By: སྐུ་མགྲོན་017Hyl(སྐུ་མགྲོན) ]
 
སྐུ་མགྲོན་017Hyl(སྐུ་མགྲོན)
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.