སྒྲིག་འཇུག...
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞོགས་ཟས་ལ་མཐོང་ཆེན་བྱེད་དགོས།    ༼   འོས་སྦྱོར ༽
[ 2011/12/26 14:28:00 | By: ལྷ་གཡག་དར་མ། ]
 
ཞོགས་ཟས་ལ་མཐོང་ཆེན་བྱེད་དགོས
 

   རྒྱལ་སྤྱིའི་ཚན་རིག་པས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། ཞོགས་ཟས་ནི་ཉིན་གཅིག་གི་ཁ་ཟས་གཙོ་བོར་འཁུམས་ཤིང་། ཨ་མེ་རི་ཁའི་འབུམ་རམས་པ་ཞིག་གིས་ཞོགས་ཟས་ལ་དོ་སྣང་བྱེད་པ་ནི་མི་གཅིག་གི་ཚེ་ཐག་ཇེ་རིང་དུ་གཏོང་བའི་རྒྱུ་རྐྱེན་དྲུག་ཁྲོད་ཀྱི་གཅིག་ཡིན་པར་བཤད་ཡོད་ཅིང་། དུས་རྒྱུན་གྱི་འཚོ་བའི་ནང་ཞོགས་ཟས་ལ་མཐོང་ཆེན་མི་བྱེད་པའམ་ཞོགས་ཟས་མི་ཟ་བའི་མི་ཅུང་མང་ལ། དེ་ལྟར་བྱས་ན་ལུས་ཕུང་བདེ་ཐང་ལ་ཤིན་ཏུ་གནོད་པ་ཡིན།
   ཞིབ་འཇུག་བྱས་པ་ལྟར་ན། ཞོགས་ཟས་སུ་མངའ་བའི་འཚོ་བཅུད་ནི་ཉིན་གང་ལ་དགོས་པའི་འཚོ་བཅུད་ཀྱི་སུམ་ཆའི་གཅིག་ཙམ་ཟིན་ཡོད་པས་ཞོགས་ཟས་ལེགས་པོ་དང་འཚོ་བཅུད་ལྡན་པ་ཟ་བ་ལ་མཐོང་ཆེན་བྱེད་རྒྱུ་གལ་ཆེ། འཚོ་བཅུད་རིག་པའི་ཆེད་མཁས་པས་བཤད་པ་ལྟར་ན། ཞོགས་ཟས་ལ་འོ་མ་དང་སྲན་ཁུ། ཁ་ཧྥེ། ཇ་སོགས་བཏུང་བྱ་དྲོད་མོ་འཐུང་དགོས་པ་མ་ཟད། ཕྱེ་མོག་དང་ཀ་ར་ཀོ་རེ། བྱ་སྒོང་སོགས་ཀྱང་ཟ་དགོས། སྣུམ་དང་མངར་ཟས་ཉུང་ཙམ་བསྟེན་ན་བཟང་། སྤྲི་དཀར་དང་ཚལ་རིགས་ཀྱི་སྐོར་ཡང་འོས་འཚམ་སྒོས་བསྟེན་དགོས། ཞོགས་ཟས་ཆེས་ལེགས་ཤོས་ནི་འཚོ་བཅུད་ཀྱི་ཚད་དང་ཟས་གཙོ་བོ་དང་ཕལ་བ་གཉིས་འོས་འཚམ་གྱིས་ལེགས་པར་སྡེབ་སྟེ་སྤྱོད་རྒྱུ་དེ་ཡིན། གལ་སྲིད་ཆ་རྐྱེན་འཛོམས་ན། ཤིང་ཏོག་དང་སིལ་ཁུ་སོགས་བསྟེན་ན་དེ་ལས་ཀྱང་བཟང་། དེ་བས་ཚང་མས་གོང་དུ་བཤད་པའི་བཟའ་བཏུང་གི་རིགས་ལྟར་རང་གི་འཛོམས་ཚོད་ཀྱིས་ཞོགས་ཟས་ལེགས་སྡེབ་བྱ་དགོས།
   གཞན་ཡང་ཞོགས་ཟས་ཟ་བའི་དུས་ཚོད་ལ་ཚོད་འཛིན་བྱེད་དགོས་ཏེ། སྤྱིར་བཏང་དུ་མལ་ལས་ལངས་ཏེ་དུས་ཚོད་ཕྱེད་ཀ་འགོར་རྗེས་ཟོས་ན་ལེགས། མལ་ལས་ལངས་རྗེས་ཀྱི་དུས་ཚོད་ཕྱེད་ཀའི་ནང་ཐོག་མར་ཁ་ལག་བཀྲུ་བ་དང་ལུས་རྩལ་སྦྱོང་བ། ཡང་ན་འཆམ་འཆམ་ལ་སོང་ན་ཟས་ཀྱི་འཇུ་སྟོབས་སྐྱེད་པ་དང་དང་ག་འབྱེད་པར་ཕན། ཞོགས་ཟས་ཟ་བའི་སྐབས་འཚབ་འཚུབ་ངང་ཟས་ལ་མི་རོལ་བར་སེམས་ལྷོད་བག་ཕེབས་ཀྱིས་སྤྱོད་པ། ཟ་ཡུན་དུས་ཚོད་སྐར་མ་བཅོ་ལྔ་ཡས་མས་འགོར་དགོས།

རྩོམ་སྒྲིག་པ། འབྲུག་མོ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་ཕྲིན་དྲྭ་ཚིགས་ལས་དྲངས། །

 
 
Re:ཞོགས་ཟས་ལ་མཐོང་ཆེན་བྱེད་དགོས།    ༼   འོས་སྦྱོར ༽
[ 2020/4/24 8:15:59 | By: སྐུ་མགྲོན་otk7Na(སྐུ་མགྲོན) ]
 
སྐུ་མགྲོན་otk7Na(སྐུ་མགྲོན)བཟང་གི
 
 
Re:ཞོགས་ཟས་ལ་མཐོང་ཆེན་བྱེད་དགོས།    ༼   འོས་སྦྱོར ༽
[ 2011/12/27 12:41:29 | By: ygrbwj ]
 
ygrbwjབཀླགས་ཟིན། གྲོགས་ལགས་བཀྲ་ཤིས་བདེ་ལེགས། དྲེད་མོང་ངམ་གཡག་རྒོད་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.