བོད་དང་བོན་ནག་གི་ལས་ལམ།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2011/11/21 15:16:00 | By: བོན་ནག་ཚང་། ]
 

 

རྒྱལ་དབང་ལྔ་བ། 

དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།

 

-- རྒྱལ་དབང་ལྔ་བ་དང་བདག་གི་སེམས་གཞས་དགུ་སྒྲིལ།      

 

ངས་ནམ་ཡང་རྒྱལ་བ་དང་རྒྱལ་དབང་ཞེས་པའི་ཐ་སྙད་ལ་བསམ་གཞིག་གཏོང་སྐབས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་གྱི་རྒྱལ་བ་དང་རྒྱལ་བའི་དབང་པོ་ཞིག་གི་སྣང་བརྙན་གསོན་པོ་དེ་བརྟན་བརླིང་གིས་འཆར་ཞིང་བརྟན་བརླིང་གིས་གནས།ལོ་རྒྱུས་ཀྱི་ངོས་ཐད་ནས་རྒྱལ་དབང་ལྔ་བའི་རྒྱལ་དབང་ལ་འགྱུར་བ་བྱུང་འདུགདེ་ནི་དུག་ལྔའི་ཉོན་མོངས་འཁྲུགས་པའི་བདག་ཉིད་ཅན་གྱི་རྒྱལ་པོར་གནས་ཤིང་དགེ་ལུགས་པ་མ་ཡིན་པའི་ཀརྨ་པ་དང་།ས་སྐྱ་བ།ཇོ་ནང་བ།བོན་པོ།འབྲི་གུང་བ་སོགས་དམར་གསོད་ལ་དབང་འབྱོར་བའི་རྒྱལ་དབང་དུ་གྲུབ་།དེ་ནི་སྒྲོ་བཏགས་ཤིག་ཡིན་མིན་ལོ་རྒྱུས་ལ་དབྱེ་ཞིབ་ཅིག་བྱས་ན་ང་ཚོས་དགོས་ངེས་ཤིག་མཐོང་ཐུབ།རྒྱལ་དབང་ལྔ་བའི་བློ་བཀོད་ཀྱི་འོག་ནས་ཇོ་ནང་ཏཱ་ར་ནཱ་ཐའི་དགོན་པ་རྟག་བརྟན་ཕུན་ཚོགས་གླིང་གི་གྲྭ་པ་ཕལ་ཆེར་བཀྲོངས་པ་དང་།ཤིང་པར་དང་དངོས་རྫས་རྣམས་མེ་ལ་བསྲེགས་ཤིང་དགོན་པའི་མིང་ལ་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས་ནས་གྲུབ་མཐའ་དགེ་ལུགས་པར་བསྒྱུར།

འདི་ནི་བོད་ཀྱི་རྒྱལ་དབང་ཞིག་གི་ཕྱོགས་ཞེན་གྱིས་བཟོས་པའི་ནག་ཉེས་ཤིག་མ་ཡིན་ནམ།ཡང་ཀརྨ་པའི་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་དེ་གཏོར་ནས་གྲྭ་པ་སྟོང་ཕྲག་བདུན་ལྷག་ཙམ་དམར་གསོད་བྱས༼འདི་ནི་བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་གི་ཤོག་ངོས༨༥༨.༨༥༩ན་གསལ༽པ་དང་།ཀོང་ཡུལ་དུ་དེ་ལྟར་བྱུང་སྐབས་ཀརྨ་པའི་རྗེས་འབྲངས་དཔོན་རིགས་དང་གྲྭ་པ་སོགས་མང་པོ་དམར་གསོད་བྱས་པ་དང་།ཀརྨ་ཆོས་དབྱིངས་རྡོ་རྗེ་འཇང་ཡུལ་དུ་བྲོས་བྱོལ་བྱས།ད་རུང་རྒྱལ་དབང་ལྔ་བ་དང་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་སོགས་ཀྱིས་བ་མ་ཤི་རྙང་མའི་རྒྱུན་མི་ཆད་ཅེ་བའི་དཔེ་ལྟར་ཀརྨ་བསྟན་སྐྱོང་དབང་པོ་རྩ་མེད་དུ་མ་བཏང་ན་སྲིད་དབང་ཤོར་ཉེན་ཡོད་པར་དོགས་ནས་བསྟན་སྐྱོང་དང་རྗེས་འབྲངས་དཔོན་རིགས་སེར་སྐྱ་ཆེ་གྲས་ཁག་བསད་ནས་ཕ་གཞིས་ཡོངས་རྗོགས་གཞུང་བཞེས་མཛད་པར་མ་ཚད་ཀརྨ་པའི་དགོན་པ་སྐོར་ཞིག་བཅོམ་གཏོར་གྱི་ཀློང་དུ་ཐིམས༼འདིའི་སྐོར་དེབ་ཐེར་ཀུན་གསལ་མེ་ལོང་གི་ཤོག་ངོས་༢༣༤ན་གསལ༽།

ལས་འགན་འདི་སྟོན་པ་ཤཱཀྱ་ཐུབ་པ་དང་རྗེ་ཙོང་ཁ་པ་གཉིས་ཀྱི་རྗེས་འཇུག་པ་ཆེན་པོ་རྒྱལ་དབང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་དགེ་ལུགས་པའི་གྲུབ་མཐའ་རྒྱ་བསྐྱེད་པའི་ཆད་དུ་དགའ་ལྡན་ཕོ་བྲང་གི་དབང་ཤུགས་འོག་ནས་བོད་མིའི་དགེ་སྦྱོང་བ་འདི་འདྲ་མང་པོ་ཞིག་དམར་གསོད་བྱས་པ་རེད།ཁོང་གིས་བཀའ་འབྲི་ཇོ་གསུམ་བསྟན་པའི་དགྲ་པོ་ཡིན་ཟེར་བཞིན་དགེ་བསྟན་མ་ཡིན་པའི་བསྟན་པ་མང་པོ་ཞིག་གི་གསོན་ཤུགས་ཕྱོགས་ཞེན་གྱིས་མེ་རུ་བསྲེགས།ཡིན་ན་ཡང་དགའ་ལྡན་ཕོ་བྲང་གི་དམིགས་ཡུལ་ནི་ཆོས་ལ་ཁ་གཡར་ནས་སྲིད་ཁྲིམས་ཀྱི་གཞི་རྒྱ་ཆེ་རུ་གཏོང་འདོད་ཀྱི་འདུན་པ་རགས་ལས་ཤོར་བའི་ཆུ་ཀླུང་བཞིན་སྐྱེས་ན་ཡང་གཡོ་འཁྲུལ་གྱི་བསམ་པ་ཤུགས་ཆེ་བས་ཆོས་ཀྱི་ངོ་བོ་ཡང་དག་པ་ཞིག་མ་འཁྱོངས་ལ་སྲིད་ཀྱི་ཡལ་འདབ་དེ་དུས་ཀྱི་བ་མོས་ཁ་ཟས་སུ་གྱུར།དེས་དབང་གི་བོད་པ་ཚང་ལ་ཆོས་པ་ཡང་དག་ཅིག་དང་ཁྱིམ་པ་ཡང་དག་ཅིག་མེད་པ་ཡང་འདི་དང་འདི་ལྟ་བུའི་རིགས་མང་པོ་ཞིག་བྱུང་བས་ལན་པ་རེད།

བསྟོད་པ་བྱེད་སྲོལ་ཞིག་མིན་ན་རྒྱལ་དབང་ལྔ་བ་ངོ་བོ་སྤྱན་རས་གཟིགས་ཡིན་པ་སྡེ་སྲིད་ཀྱིས་བཞེད་ཡོད་ལ་འདི་ལྟ་བུའི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག་ཡོད་ན་སེམས་ཅན་གྱི་སྐྱབས་གནས་མཐར་ཐུག་ཏུ་རློམས་པའི་སྤྱན་རས་གཟིགས་ཀྱི་གོ་ཐོབ་དེ་ཡང་གང་ཞིག་ན་ཡོད་པ་རྟོགས།སྡང་སེམས་ཅན་གྱི་རྒྱལ་དབང་ལྔ་བ་ལྟ་བུ་ཞིག་བླ་མར་རློམས་ཐུབ་བམ།སངས་རྒྱས་ཀྱི་ཞལ་ཚབ་ཉན་ནམ།ཐར་བའི་དེད་དཔོན་དུ་གྱུར་ཐུབ་བམ།ངོ་མ་ཐེ་ཚོམ་གྱི་གནས་སུ་གྱུར་འདུགརྒྱལ་དབང་ལྔ་བས་ཆོས་ཀྱི་ངོ་ཐོག་ནས་སྲིད་ཁྲིམས་བཟུང་ཞིང་ཆོས་སྲིད་ཟུང་དུ་འབྲེལ་བ་ནི་བསྟན་པའི་དགྲ་བོར་གྱུར་འདུག་གོ།

ང་ཚོའི་མདུན་ལྗོངས་ཀྱི་སྐྱ་རེངས་དེ་ཡང་ཆོས་ལུགས་པའི་ཕྱོགས་ཞེན་དང་ཕྲག་དོག་གི་དབང་གིས་མེད་པར་བཟོས་ཤིང་།མྱི་གསོད་ཀྱི་ཚབ་མཚོན་པ་བསམ་ཡས་ཀྱི་མཁན་རབས་དགུ་བ་ལྷ་ལུང་དཔལ་རྡོར་དང་དམག་དཔོན་གྱི་ཚབ་མཚོན་པ་རྒྱལ་དབང་ལྔ་བ་ལྟ་བུ་མང་པོ་ཞིག་བྱོན་ནས་ང་ཚོ་ལ་མནར་གཅོད་འདི་བྱུང་བ་རེད།གླེན་ཞིང་གླེན་པའི་ང་ཚོས་ད་རུང་འདི་དག་ལ་མཆོད་བསྟོད་དང་གུས་ཕྱག་བྱེད་བཞིན་ཡོད་པ་ནི་སྙིང་རྗེ་ཡི་ཡུལ་དུ་གྱུར་ཡོད།དོན་ངོ་མ་ང་ཚོ་ཆོས་ལུགས་པའི་ཕྱོགས་ཞེན་དང་ཕྲག་དོག་གི་སྡེ་ལས་ནམ་ཞིག་ལ་ཐར་ཐུབ་བམ།འདི་ལ་སྡུག་བསྔལ་ཤིན་ཏུ་ཆེའོ།།

༢༠༡༡.༡༠.༡༧ཉིན་རིག་འབྱུང་ཡུལ་ནས་བྲིས།

 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2014/12/7 23:35:59 | By: སྐུ་མགྲོན་vBRd72(སྐུ་མགྲོན) ]
 
སྐུ་མགྲོན་vBRd72(སྐུ་མགྲོན)དཀྲུག་བཤིག་མ་རྒྱག
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2014/8/27 1:53:01 | By: སྐུ་མགྲོན་138Lcp(སྐུ་མགྲོན) ]
 
སྐུ་མགྲོན་138Lcp(སྐུ་མགྲོན)ད་འཆམ་མཐུན་སྐྱུར་ཞོག གྲི་མེ་མདའ་ཉོས་ནས་དགྲ་ཤ་ལེན་རན། སྔོན་ལ་རེབ་གོང་ཁུལ་གྱི་དགོན་པ་རྣམས་བསྲེག་གོ། ཨེ་རེད། རྩོམ་པ་པའི་དམིགས་ཡུལ་དེ་གསོད་གཏོར་རེད་འདུག ད་འགྲོ། ཁྱོད་ཀྱིས་མགོ་ཁྲིད་དང་།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/3/29 2:25:55 | By: སྐུ་མགྲོན་rVMy5C(སྐུ་མགྲོན) ]
 
སྐུ་མགྲོན་rVMy5C(སྐུ་མགྲོན)གུ་ཤཱི་ཧན་གྱིས་ལྔ་པ་ཆེན་མོར་བོད་ཡོངས་ཀྱི་རྗེ་ལ་བསྐོས་པ་དེ་ནི་གོང་ས་མཆོག་དགུང་ལོ་ཉེར་ལྔར་སླེབས་པའི་དུས་ཡིན་པས།དེའི་སྔོན་ལ་བྱུང་བའི་དོན་སྣ་མང་བྱུང་བ་དེ་ནི་ཕྱག་མཛོད་རང་ནས་སྒེར་གཅོད་སྒོས་གཙང་དམག་གིས་ཚུར་རྒོལ་བྱས་པར་འཁོན་ལན་སྤྲད་པ་ཡིན་པས་དེར་ང་ཚོས་སུའང་ངན་ཁག་དཀྲིས་མི་ཆོག
འདིའི་སྐབས་སུ་བཀའ་དགེ་གཉིས་བར་གྱི་འཁྲུག་འཛིང་ཞེས་བརྗོད་ན་རྙོག་དྲ་ཆེས་ཆེ་བའི་དོན་ཞིག་རང་སྣང་གང་འོས་ཀྱིས་སྟབས་བདེར་བཟོས་པ་ཞིག་ཡིན་པ་ལས་དོན་དངོས་མ་ཅི་ཞིག་ཡིན་པ་གཏན་ནས་རྟོགས་ཐབས་མེད།དུས་རབས་བཅུ་དྲུག་པའི་དུས་མཇུག་དང་བཅུ་བདུན་པའི་དུས་འགོར་གཙང་རྒྱལ་པོ་དང་ཕག་གྲུབ།འབྲི་གུང་དང་སྟག་ལུང་།གཙང་དང་དགེ་ལུགས།འབྲི་གུང་དང་དགེ་ལུགས།ཕག་གྲུབ་དང་སྐྱིད་ཤོད་སོགས་སྡེ་བ་དང་གྲུབ་མཐའི་བར།གཞན་ཡང་བཀའ་རྒྱུད་གྲུབ་མཐའི་ནང་ཁུལ་དུ་འགལ་ཟླ་བྱུང་ཡོད།ཕག་གྲུབ་དང་།སྐྱིད་ཤོད།སྟག་ལུང་བཅས་ནི་དགེ་ལུགས་པའི་སྦྱིན་བདག་ཡིན་པས་བཀའ་བརྒྱུད་པའི་ཆོས་སྡེ་བྱིངས་ཀྱིས་དགྲ་ཟླར་གྱུར་ཡོད།རྒྱལ་དབང་ལྔ་པའི་སྐབས་སུའང་ཕག་གྲུབ་དཔོན་ཆེན་རིམ་བྱོན་ལ་གོང་མ་ཞེས་འབོད་པ་ལྔ་པ་ཆེན་མོའི་རང་རྣམ་དུ་གསལ་པོར་བཀོད་ཡོད་དོ།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/3/22 0:28:22 | By: སྐུ་མགྲོན་Ine5Ht(སྐུ་མགྲོན) ]
 
སྐུ་མགྲོན་Ine5Ht(སྐུ་མགྲོན)རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ། ཇི་འདྲའི་ཞེ་སྡུག་སྤྱད་བཤད་ཀི་ཨང་།། བླུན་རྒན་
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/3/3 13:08:04 | By: སྐུ་མགྲོན་K52Ri7(སྐུ་མགྲོན) ]
 
སྐུ་མགྲོན་K52Ri7(སྐུ་མགྲོན)འདི་འདྲའི་བསམ་བློ་གུ་དོག་པ་ལ་ཨང་། ལྷག་པར་ངེད་བོན་ཚང་ལ་བརྗོད་ན་སྐབས་འདི་འདྲ་ཞིག་གཏམ་གླིང་སྐྱོ་པོ་འདི་འདྲ་བྱེད་དུས་མ་རེད།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/2/1 15:19:10 | By: yxlz ]
 
yxlzགྲོགས་སུ་ཞིག་ཡིན། ཐོག་མར་བཀྲ་ཤིས་བདེ་ལེགས། རྒྱལ་དབང་ལྔ་བའི་ནག་ཉེས་འདི་སུ་ཞིག་གིས་འགེབ་ཐུབ་བམ། འདི་ལྟ་བུའི་སེར་མོ་དམར་གསོད་མཁན་བོད་སྤྱི་ཚོགས་ཐོག་བྱུང་ནས་ང་ཚོར་མནར་གཅོད་འདི་བཏང་བ་རེད། ད་རུང་བོན་པོ་ཚོས་རྒྱལ་དབང་ལྔ་བ་ཆེན་པོས་བོན་གྱི་ལྷ་སྡེར་གཟིགས་ཕྱོགས་གནང་ཚུལ་ཞེས་སྐད་ཆ་ཞིག་བསྒྲོགས་བཞིན་ཡོད་པ་དེ་བོན་པོ་ཚོ་སད་རྟོགས་མ་བྱུང་བའི་འུར་བཤད་ཅིག་རེད་འདོད་ཡོད། རྒྱལ་དབང་ལྔ་བའི་མགོ་བསྐོར་མང་པོ་ཞིག་གི་ཁྲོད་ནས་བོད་མི་མང་པོ་ཞིག་ཉེས་མེད་ཀྱི་དབང་དུ་གུམ་སོང་། འདི་འདྲ་བསམ་ན་རྒྱལ་དབང་ལྔ་བ་ནི་རྒྱལ་དབང་ཞིག་མ་ཡིན་པ་ཤིན་ཏུ་ཚོར་ཐུབ་པོ།།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/2/1 13:46:52 | By: སྐུ་མགྲོན་Gkb4Er(སྐུ་མགྲོན) ]
 
སྐུ་མགྲོན་Gkb4Er(སྐུ་མགྲོན)སྔ་མོ་ནས།ངག་འཆལ་འདི་ནི་དོལ་རྒྱལ་ལམ་བོན་ནག་ཞིག་གི་ཁ་ནས་མི་གཏོགས་ཤོར་རྒྱུ་མ་རེད་སྙམ་བྱུང་།ཞིབ་འཇུག་ཡག་པོ་བྱས་ཚེ།རྒྱབ་ལུང་ཁུངས་བཙན་པོ་དྲངས་ནས་སྒྲུབ་ཆོགདེ་མིན་རང་སྣང་གང་ཤར་གྱི་ཚུལ་དུ་ལབ་བརྡོལ་མང་པོ་བྱས་ནས་རང་ཉིད་བདེན་ཅོག་ཅོག་སྒོས་ཀུན་ལ་ཡང་དག་གི་གཏམ་ཡིན་ཞེས་སྒྲོག་པ་འདི་ནི་དམ་པའི་ལུགས་མ་ཡིན་ནོ།རྒྱལ་དབང་ལྔ་པ་དང་དགེ་ལུགས་པ་གཉིས་ཁ་སོ་སོར་བཀར་རྗེས་ད་གཟོད་སྐབས་དེ་དུས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་མཐིལ་དཕྱིན་པ་ཞིག་བྱེད་ཆོགརྒྱལ་དབང་ལྔ་པ་ནི་དགེ་ལུགས་རྣལ་མའི་ལུགས་འཛིན་མཁན་གྱི་རྡོ་རྗེ་ཤུགས་ལྡན་རྗེས་འབྲངས་པ་ལ་ཁ་གཏད་བཅགས་ནས་བསྟན་པ་ཕལ་བར་བཞག་ནས་བོད་ཀྱི་ཆབ་སྲིད་དང་མངའ་ཐང་གཅིག་གྱུར་ཡོང་བར་བྱས་རྗེས་བླ་ལྷག་ཏུ་ཕུལ་བ་ནི་བོད་བཙན་པོའི་རྒྱལ་རབས་རྗེས་སུ་བྱུང་མ་མྱོང་པ་ཞིག་རེད།གདན་ས་གསུམ་གྱི་བླ་དཔོན་དག་གིས་དགེ་ལུགས་པ་ཁོ་ནས་བོད་ཀྱི་སྲིད་དབང་ལ་སྒེར་གཅོད་བྱེད་འདོད་ཆེན་པོ་བཅིངས་ནས་རྒྱལ་དབང་ལྔ་པའི་དགོངས་པ་དང་རྒྱབ་འགལ་བྱས་པ་རེད།རྒྱལ་དབང་ལྔ་པས་བོད་ཡོངས་ཀྱི་རྗེ་བོའི་ཁྲི་ལ་ཞབས་སོར་མ་བཀོད་སྔོན་ལ།དབུས་གཙང་དང་གྲུབ་མཐའ་ཕན་ཚུན་དབར་འགལ་ཟླ་དང་འཁྲུག་རྐྱེན་ཐེངས་མང་བྱུང་པ་བདེན་མོད།དེ་ནི་ཆབ་སྲིད་པའི་དུས་འགྱུར་ཁྲོད་དུ་མེད་དུ་མི་རུང་པ་ཞིག་རེད།འོན་ཀྱང་རྒྱལ་དབང་ལྔ་པས་བོད་ཀྱི་གྲུབ་མཐའ་ཆེན་པོ་དག་གི་རྟེན་དངོས་གཙོ་བོ་དག་ལྷ་སའི་པོ་ཏཱ་ལར་ཉར་ཞིང་རྗེས་སུ་སྡེ་སྲིད་ཀྱི་འཛམ་གླིང་རྒྱན་གཅིག་མཆོད་སྡོང་ནང་དུ་རྒྱལ་དབང་ལྔ་པའི་གདུང་དངོས་དང་མཉམ་དུ་བཅུག་པ་རེད།ཇོ་ནང་དགོན་དགེ་ལུགས་པར་བསྒྱུར་པ་ཞེས་པ་འདིའང་མིང་ཙམ་བསྒྱུར་པ་ལས་གོད་ཆག་ཐེབས་པ་རྒྱལ་དབང་ལྔ་པ་གྲོངས་པའི་རྗེས་སུ་བྱུང་པ་ཞིག་ཡིན་པ་ཤེས་དགོས་སོ།དེ་བཞིན་དུ་རྙིང་མ་དང་བཀའ་བརྒྱུད་ཕྱོགས་ལ་བརྡབ་གསིག་ཐེབས་པའང་རྒྱལ་དབང་གྲོངས་རྗེས་ཀྱི་གནས་ཚུལ་ཅིག་ལས་མ་འདས་སོ།རྒྱལ་དབང་བཞུགས་པའི་དུས་སུ་སོག་པོས་དམག་ཤུགས་ཀྱིས་བོད་ཡོངས་གཅུན་ཡོད་པས་གྲུབ་མཐའི་བར་གྱི་རྩོད་རྙོག་དེ་ནི་ཚད་ཆེན་པོ་ཞིག་སྟེང་ནས་སོག་པོས་ཁ་ལོ་བསྒྱུར་བ་ཞིག་ཡིན་པས་རྒྱལ་དབང་ཡིན་ཡང་རང་བློ་དང་མཐུན་པ་ཞིག་བྱེད་ཆོག་པའི་རང་དབང་ཡེ་ནས་མེད་དོ།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/2/1 13:29:40 | By: སྐུ་མགྲོན་Gkb4Er(སྐུ་མགྲོན) ]
 
སྐུ་མགྲོན་Gkb4Er(སྐུ་མགྲོན)ལོ་རྒྱུས་ལ་རྨོངས་པའི་མིག་ལོང་ཀུན་གྱིས་ལོ་རྒྱུས་འཆད་ནས་མི་མཁས་མཁས་མདོག་སྟོན་པ་ཞེ་རེ་གནོང་།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/1/10 14:11:40 | By: yxlz ]
 
yxlzགྲོགས་པོ་བདེ་མོ། བོད་ལ་མཁོ་བ་ནི་འཆམ་མཐུན་དང་གཅིག་གྱུར་གྱི་བསམ་བློ། གྲུབ་མཐའ་ཕྱོགས་མེད་ཅིག་ཕ་སྐད་གཙང་མ་ཞིག་མཁོ་བ་བདེན་མོད་འདི་ནི་བསམ་པ་ཙམ་རེད། ངས་ཀྱང་འདི་འདྲ་བསམ་མྱོང་ན་ཡང་འདི་ནི་ཐོབ་དཀའ་བའི་བྱ་བ་ཞིག་རེད། གྲུབ་མཐའི་བར་གྱི་འགལ་འདུ་ཧ་ཅང་གི་ཛ་དྲག་ཆེ་འདུག་པས་གྲུབ་མཐའི་དབང་གིས་བོད་རིགས་ཕུང་སོང་བ་རེད། ངས་བསམ་ན་བོད་ལ་ནམ་ཡང་བདེ་སྐྱིད་མེད་ཀི བྲན་གཡོག་ནི་ནམ་ཡང་བྲག་གཡོག་ཡིན་རྒྱུ་རེད། བོད་ལ་ཡོད་པའི་གྲུབ་མཐའ་གཅིག་གྱུར་དང་བོད་ལ་ཡོད་པའི་གྲུབ་མཐའ་གཏོར་བཤིག་མ་བྱེད་ན་ནམ་ཡང་རེ་བ་མེད། འདི་ཧ་ཅང་གི་དཀའ་མོ་རེད། རྒྱལ་དབང་ལྔ་བས་གྲུབ་མཐའ་མང་པོ་ཞིག་ལ་གཉའ་གནོན་བྱས་ན་ཡང་མཐའ་མ་རང་ཉིད་ཉེ་ཅན་ཞིག་ལས་གཞན་མེད་ཀི འདི་ནི་ངས་བསམ་ཚུལ་ཙམ་རེད། འགྲིག་མིན་དཔྱད་པར་བྱ། བོན་ནག་ཚང་གིས།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/1/10 4:06:54 | By: སྐུ་མགྲོན་0Gv3AM(སྐུ་མགྲོན) ]
 
སྐུ་མགྲོན་0Gv3AM(སྐུ་མགྲོན)ཁྱེད་རང་གིས་གསུངས་པ་བཞིན་རེད་ལ། རྒྱལ་བ་ལྔ་པའི་མཛད་རྗེས་ནི་ཁོང་གི་ཞན་ཆ་ལས་ལྷག་པ་ཡོད། ང་རང་གིས་བརྗོད་འདོད་པ་ནི།ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནི་བཟང་མོད། མི་སྒེར་གྱི་ཀུན་སྤྱོད་ལ་སྨ་འབེབ་བྱེད་པ་ནི་ཞིབ་འཇུག་མཁན་དམིགས་ཡུལ་གཙོ་བོ་ལ་མི་འདོད། རྒྱལ་བ་ལྔ་པ་ཆེན་པོ་ནི་བླ་སྤྲུལ་ཞིག་ཡིན་པ་མ་ཟད་ཆབ་སྲིད་གྱི་མི་སྣ་ཞིག་ཀྱང་རེད། ཁོང་གིས་བོད་འདི་སླར་ཡང་གཅིག་གྱུར་བཟོས་པ་རེད། དེ་ནི་ཆེས་རླབས་ཆེན་གྱི་བྱ་བ་ཞིག་རེད། བོད་ལ་ད་ལྟའི་ཆར་དགོས་པ་ནི་མཐུན་སྒྲིལ་དང་གྲུབ་མཐའ་རིས་མེད་སྲོལ་རྒྱུན་གཅེས་འཛིན་དང་བོད་སྐད་གཙང་མ་བརྗོད་རྒྱུ་དེ་ཡིན། དེ་དག་ཁྱེད་ཀྱིས་མཁྱེན་ཚེ་གཞན་ནི་གལ་ཆེ་བ་དེ་ཙམ་གྱིས་མ་མཐོང་། ཟླ་མེད་ནས།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/1/9 20:06:42 | By: yxlz ]
 
yxlzའོ་གྲོགས་པོ་སྒོར་བུད་ན་མི་བཟང་ངམ། འདས་ཟིན་ཞིག་གིས་ང་ལ་ཚོར་སྣང་འདི་འདྲ་ཞིག་བཟོས་སོང་། ད་རུང་རྒྱལ་དབང་ལྔ་བའི་སྐོར་ནས་འབྲི་རྒྱུ་མང་པོ་ཡོད་ཀི རྒྱལ་དབང་ལྔ་བའི་ཕྱོགས་ཞེན་གྱིས་འུ་ཅག་འདི་འདྲ་ཞིག་བཟོས་ནི་རེད། ང་ལ་མཁྱེན་རྩལ་ཡོད་སོང་ནི་མ་ཡིན་ན་ཡང་བོད་པའི་རྒྱལ་དབང་དག་གིས་འདི་འདྲ་བཟོས་ནི་རེད། ད་རུང་ཁྲོན་པའི་ནང་གི་སྤལ་བ་མང་གི མངོན་སུམ་དུ་བུད་ནས་འདིའི་སྐོར་གྱི་བགྲོ་གླེང་ཞིག་བྱེད་ན་ཧ་ཅང་གི་དགའ་བོ་ཡོད། བོན་ནག་ཚང་གིས།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2012/1/9 2:22:36 | By: སྐུ་མགྲོན་M5Ht38(སྐུ་མགྲོན) ]
 
སྐུ་མགྲོན་M5Ht38(སྐུ་མགྲོན)ལོ་རྒྱུས་རྣམས་ནི་འདས་ཟིན་པའི་བྱ་བ་ཡིན། ཁྱེད་ཀྱིས་འདི་བཞིན་སྨྲ་དོན་ནི་ཕྱོགས་ཞེན་གྱི་སྐུལ་སློང་མ་ཡིན་ནམ། ཁྱེད་རང་མཁྱེན་མདོག་ཁ་པོ་འདུག་ཀྱང་། དོན་དུ་ཁྲོན་པའི་ནང་གི་སྦལ་པ་ཞིག་དང་འདྲ་བར་བྱིས་པ་ཞིག་གི་བསམ་བཞིགས་ལས་མཐོ་བར་མི་འདུག
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2011/11/28 22:00:26 | By: tsetentashi@rocketma(སྐུ་མགྲོན) ]
 
tsetentashi@rocketma(སྐུ་མགྲོན)༄༅། །ངོ་ཚོ་ཆོས་ལུགས་པ་སུ་ཞིག་ཡིན་ཡང་སོ་སོ་སྐྱེས་བུ་ཆེན་པོ་ཞིག་
དང་ཕ་རོལ་པོ་འདྲེ་གདོན་ཞིག་ཡིན་ཚུལ་འཆད་པ་ཤིན་ཏུ་མི་འོས་པ་
ཞིག་དང་། དེའི་ལམ་ཁ་དེ་བསྒྱུར་མ་ཐུབ་ཚེ་དུས་ནམ་ཡང་ཞི་བདེའི་
ལམ་དུ་བསྐྱོད་མི་ཐུབ་པས་དེ་ལྟར་མ་སྤེལ་རོགས།། །།
རི་བོང་གནམ་རྡིབ་པས།། །།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2011/11/22 9:32:22 | By: སྐུ་མགྲོན་13YLc5(སྐུ་མགྲོན) ]
 
སྐུ་མགྲོན་13YLc5(སྐུ་མགྲོན)འོ་ཡ་བྲང་ལགས་འདིར་ཕེབས་པར་དགའ་པོ་འདུག མནོ་བསམ་གྱི་ལྷུམ་ནས་བྱུང་བའི་ཁ་ཚའི་རྐན་སྒྲ་ལ་ཡོ་བསྲང་རེ་བྱེད་རྒྱུ་སེམས་ནས་རེ་བ་ཡོད།འདི་ནི་མྱི་བུ་ཞིག་གི་སེམས་ཀྱི་རྐན་སྒྲ་ཙམ་ལས་དྲང་སྲོང་གི་བདེན་ཚིག་མ་ཡིན་པ་ངས་ཀྱང་བརྗོད་ཐུབ་པོ།།
 
 
Re:རྒྱལ་དབང་ལྔ་བ། དམར་གསོད་མཁན་གྱི་རྒྱལ་སྲས་གསོན་པོ།
[ 2011/11/21 18:49:52 | By: སྐུ་མགྲོན་1HXk0N(སྐུ་མགྲོན) ]
 
སྐུ་མགྲོན་1HXk0N(སྐུ་མགྲོན)དེང་གི་དཔྱོད་ལྡན་མི་ཉུང་བ་ཞིག་གིས་ལྷག་བསམ་གཙང་མ་དང་རེ་སྨོན་བཟང་པོས་རང་མི་རིགས་ཀྱི་འདས་ཟིན་ལོ་རྒྱུས་ཕྱིར་སློག་དང་དོན་དངོས་ཟབ་འཚོལ་ཕྱོགས་སུ་འབད་པ་ཅི་རིགས་བགྱིས་པ་ནི་སྨོས་སུ་མེད་པའི་དགེ་བའི་ལེགས་དོན་དུ་མཐོང་གི་འདུག་ནང་། ང་ཚོས་ལོ་རྒྱུས་ཀློག་པ་ནི་མི་རིགས་ཀློག་པ་ཡིན་ཕྱིར་དོན་དངོས་མང་པོ་ཞིག་ལ་ཟུར་དང་ཟབ་ཏུ་ཞུགས་ཏེ་བྱས་རྗེས་ལེགས་ཉེས་གཉིས་ཐད་ནས་གཤིབ་བསྡུར་བྱེད་པ་ནི་ལོ་རྒྱུས་ཀློག་པོ་ཞིག་གི་སྔོན་འགྲོའི་རྒྱུན་ཤེས་ཡིན་པར་གཞི་བཞག དེ་ལས་ཀྱང་བསམ་དགོས་པ་ཞིག་ལ་རྒྱལ་དབང་ལྔ་བའི་རྣམ་ཐར་གཞན་དུ་གསལ་བའི་ཉེས་ཕྱོགས་འབྲི་མཁན་དེ་རིགས་ཀྱང་སྒེར་གཅོད་ཅན་དང་ཕྱོགས་ཞེན་ཅན་མིན་པ་སུས་ཀྱང་ཡང་དག་རྟགས་ཀྱིས་སྒྲུབ་པའི་དཔྱོད་ཤེས་དབེན་ནས་འདུག་ཕྱིར། ང་ཚོ་སུ་ཡིན་ཡང་ལོ་རྒྱུས་ཀློག་སྐབས་ལོ་རྒྱུས་ཀྱི་ཕྱིར་དུ་ལོ་རྒྱུས་མི་ཀློག་པ་ནི་གནད་ཀྱི་དམ་པ་རུ་ཁོ་བོས་འདོད་དོ། འོན་ཀྱང་རྒྱལ་དབང་ལྔ་བ་ལ་ཉེས་པའི་སྐྱོན་ཞིག་མེད་དོ་ཞུ་བ་ནི་གཏན་ནས་མིན་པ་ཤེས་པའི་འོས་སུ་ཆེ། དེ་ལས་ཀྱང་བསམ་དགོས་པ་ཞིག་ལ་བྲིས་རྩོམ་ཁ་ཚ་འདི་རིགས་ཀྱིས། ཕྱི་ཡི་བཙན་འཛུལ་དང་ནང་གི་དམུ་རྒོད་བསམ་བློས་སྒྲོགས་སུ་ཚུད་མེད་འདོད་པའི་ང་ཚོའི་རིགས་ལ་དྲི་བ་མེད་པའི་དྲིས་ལན་ཞིག་འདུག་པ་ནི། འདི་འདྲའི་སྐྱོན་ཁོ་ན་འདོན་པའི་བྲིས་རྩོམ་གྱིས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་གཤིགས་ཁོ་ནའོ་ཞེས་པ་དེ་ཙམ་དུ་ཟད།
ཉིད་ཀྱི་བོན་མཆེད་དུ་བགྲང་དུ་རུང་བའི་ཡ་བྲང་གཡུ་འབྲུག་གིས་རྒྱ་ནག་རྒྱལ་ས་པེ་ཅིན་དུ།།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.