ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/14 12:34:00 | By: བསམ་གཏན་འགྱུར་མེད། ]
 

སེར་བྱེས་ལྷ་རམས་པའི་མིང་འཛིན་པ་དཀར་མཛེས་ནས་ཡིན་པས་འཇམ་དཔལ་བློ་ཤེས་ཟེར་བ་ཞིག་གིས་དཔེ་ཁྲིད་སྐབས་སུ་སྟོན་པ་ཤཱཀྱ་ཐུབ་པ་དེ་ཕྱི་རོལ་བའི་སྟོན་པ་ལས་ཁྱད་འཕགས་ཡིན་པར་སྒྲུབ་སྐབས་སུ་ཕྱི་རོལ་བའི་སྟོན་པ་ངོས་འཛིན་གྱི་མཚན་གཞིར་སྟོན་པ་གཤེན་རབ་ཕྱི་རོལ་བའི་སྟོན་པ་ཡིན་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའི་ནང་ལ་འཇོག་ཡོད་པ་དང་། འོན་ཀྱང་མཁས་པ་འགའ་ཞིག་གིས་བོན་བསྟན་ཕྱི་རོལ་བ་མ་ཡིན་པ་གསུངས་ཀྱང་། དོན་ལ་བོན་པོ་ཕྱི་རོལ་བ་ཡིན་པ་མ་ཟད། སྟོན་པ་གཤེན་རབ་ཕྱི་རོལ་བའི་སྟོན་པའི་མཚན་གཞིར་འཇོག་ན་འགྲིག་པ་སོགས་ཧམ་བཤད་སོགས་བྱེད་ཀི་འདུག་པས།

ང་ཚོ་ནང་བའི་གྲུབ་མཐའ་ཆེན་མོ་དྲུག་གི་ནང་གསེས་གཡུང་དྲུང་བོན་འདི་ཉིད་ནང་བའི་གྲུབ་མཐའ་ནས་ཕྱི་རུ་ཕུད་པ་དེ་གནས་ལུགས་ལ་ཕྱིན་ཅི་ལོག་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་རླགས་གཏོང་བ་དང་། ཆོས་ལུགས་གྲུབ་མཐའ་ཁག་གི་བར་ལ་མཐོང་ཆུང་སོགས་བྱེད་པ་དང་། ཁྱད་པར་དུ་ང་ཚོ་བོན་འབངས་ལ་ཡོངས་ལ་སྙིང་ནས་བཟོད་ཐབས་བྲལ་བའི་མཐོང་ཆུང་སོགས་བྱེད་འདུག་པས་འཛམ་གླིང་གང་སར་བཞུགས་པའི་བོན་གྱི་དགེ་བཤེས་དང་བླ་མ་སྤྲུལ་སྐུ། མཁས་དབང་རྣམ་པས་འདི་རིགས་ལ་དགག་ལན་གནང་རྒྱུ་དེ་ཆེས་གལ་ཆེ་བ་དང་། ང་ཚོ་དུས་ནམ་ཡང་ཉམས་ཆུང་གིས་ངང་ནས་བཟོད་སྒོམ་ཙམ་བྱེད་ནས་དུས་འཕུལ་ནས་བསྡད་དགོས་པས་རྒྱུ་མཚན་ཀྱང་མི་འདུག་ལགས།

༼ཟུར་ཞུ།༽འཇམ་དཔལ་བློ་ཤེས་དེང་སྐབས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་རྫ་སེར་ཤུལ་དགོན་ནས་དཔེ་ཁྲིད་འདྲ་བྱེད་བཞིན་ཡོད་ཚོད་འདུག་པས་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་དོན་དངོས་དང་མཐུན་པའི་སྒོ་ནས་དགག་བཞག་བྱེད་དགོས་ཞེས་འབོད་བསྐུལ་ཡང་ཡང་ཞུ་བའོ། །

 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2015/11/26 0:36:20 | By: སྐུ་མགྲོན་J41Qhu(སྐུ་མགྲོན) ]
 
སྐུ་མགྲོན་J41Qhu(སྐུ་མགྲོན)ཧ་ཧ་
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2013/11/14 11:13:20 | By: སྐུ་མགྲོན་1h83Bo(སྐུ་མགྲོན) ]
 
སྐུ་མགྲོན་1h83Bo(སྐུ་མགྲོན)18783676333ཁོང་གི་ཁ་པར་ཨང་གྲངས་དེ་རེད།
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/12/4 18:48:38 | By: སྐུ་མགྲོན་sWNa6E(སྐུ་མགྲོན) ]
 
སྐུ་མགྲོན་sWNa6E(སྐུ་མགྲོན)གྲུ་མཐའི་བར་ཆགས་སྡང་ཅན་འདི་ཡི་རིགས་ལ་ཞུ་འཇུགས་ཞིག་གནང་ནས་མཐུན་ལམ་རེ་མཚོ་རོགས་ཞུ་ཞུ།ཁྲོ་གནམ་གཡང་ནས་
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/12/3 23:38:37 | By: triyungblog ]
 
triyungblogབླ་རྒན་འདིའི་ཁ་པར་ཨང་ཞིག་མ་རེག་པ་ཡིན་ནམ། སྟག་གི་རྔ་མའི་བཟུང་ཕྱིན་མ་བཏང་ན་ཡག་པོ་ཡོད་རེད། ལས་གང་བགྱིས་པའི་འཇུག་བསྐྱང་ཐུབ་བྱས་ན་ཡག་པོ་རེད། རེ་བ་ཙམ་ཡིན།
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/19 18:47:55 | By: tenzin3909 ]
 
tenzin3909ནག་ཆུ་ནས་དགོས་འདོད་ཀུན་འབྱུང་ཞེས་པའི་ནང་མ་ཁང་ཞིག་མཐོང་མྱོང་།
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/15 21:50:53 | By: སྐུ་མགྲོན་NRIu48(སྐུ་མགྲོན) ]
 
སྐུ་མགྲོན་NRIu48(སྐུ་མགྲོན)མཐོ་སྒང་འཛམ་གླིང་གི་དབུ་རྩེ་ནས་བཞད་པའི་དཀར་གསལ་གྱི་དུང་ཟླ་སྟེ་"གྱེར་དྲུང་མུ"འི་འོད་སྟོང་ཕྱོགས་བརྒྱར་འཕྲོས་ནས་བདེན་པའི་གནས་ལུགས་ལ་ལེགས་སྐྱེས་ཀྱི་ངོམས་སོ་ཕྱོགས་ཕྱོགས་ནས་འཐོར་བཞིན་པའི་དུས་རབས་འདིར། ད་དུང་ཁྱི་སྤྱང་གི་ངུ་ཟུག་དང་། གདོན་འདྲེའི་ཆོ་འཕྲུལ་འཇགས་མེད་ལ་ལྷིང་འཇགས་སུ་གནས་པའི་ཞི་བདེ་ཡི་རྒྱ་མཚོ་དེར་ཚེ་སྲོག་ལ་གནོད་པའི་འབར་རྫས་ཀྱིས་བཀང་ནས་བཙན་ཤེད་ཀྱིས་ཕྱི་རུ་འདེད་ཡོང་བ་དེ་དུས་ནམ་ཡང་བརྗེད་མི་སྲིད། དགེ་བཤེས། དགེ་བཤེས། ཧ་ཧ་ཧ། ཤན་པ་ལག་དམར་ཡིན་ཀྱང་ཁྱོད་ཀྱི་སེམས་ལ་མི་རིགས་དང་ཆོས་ལུགས་ལ་བཅངས་བའི་དུང་སེམས་དང་། བརྩེ་ཞེན་གྱི་ལེགས་ཆ་ཞིག་ཡོད་པས་ཡབ་མེས་ཀྱི་བླ་རི་དང་བླ་མཚོ་སྒུལ་མི་སྲིད་ལ། བྱིས་པ་སྣབ་ལུག་ཡིན་ཀྱང་ཁྱོད་ཀྱི་དྭངས་གཙང་གི་སེམས་ཁམས་ལ་བོན་ལ་ཕྱི་རུ་བལྟ་བའི་བག་ཆགས་ཀྱི་གཡའ་དྲི་མེད། འོན་ཀྱང་བོན་པོ་འདྲེ་རུ་བརྩིས་ནས་ལྟ་བ་དོང་དུ་སྦས་ཤིང་། སྤྱོད་པ་གླུད་དུ་སྒོམ་ནས་ཁ་བདག་མེད་ཀྱིས་དམོད་པ་སུ་རྒོད། རྒྱུ་རྒྱབ་དཔུང་གི་ངོམས་སོ་སུ་ཆེ། འཕྲུལ་དྲན་དགུ་ཡི་ཐབས་ལམ་སུ་མགྱོགས་ལྟ་ནས་སོད་སོད་དང་རྒྱབ་རྒྱབ་ཟེར་བ་ལས་ཀྱང་ཆེས་བརྣག་པ་སྟེ། མི་རིགས་ཞིག་གི་རིག་གཞུང་ལ་མི་རིགས་ཤིག་གིས་མཐོང་འཇོག་ཙམ་ཡང་མི་བྱེད་པར་དེ་ལས་ཟློག་སྟེ་བདེན་པ་རྫུན་དུ་བསྒྲུབས། རྫུན་པ་བདེན་དུ་བཅུག་པའི་ཆབ་སྲིད་དང་ཆོས་སྲིད་ཀྱི་ངན་ཇུས་དེ་ཉིད་ད་ཐེངས་ང་ཚོས་རྣ་བས་ཐོས་པ་འདི་གཅིག་པུ་ཞིག་ག་ལ་ཡིན། བོན་རྒྱལ་རྣམས་ཀྱིས་རྒྱལ་པོའི་ཁེ་དབང་ཤོར་ནས་བཟུང་ད་བར་མགོ་བོ་ཡར་ལ་འདེགས་པའི་དབང་ཆ་དང་། དཔུང་པ་མཉམ་དུ་བསྒྲིགས་པའི་ཁེ་དབང་། བསམ་ཚུལ་ཁ་ནས་འདོན་པའི་རང་དབང་ཞེས་པ་ཞིག་ངོ་མ་ཐོབ་མྱོང་ངམ་ཡོད་དམ། ཉེར་གཅིག་དུས་རབས་གསར་པའི་གསེར་འོད་ཀྱི་འཛུམ་ཞལ་ས་ལ་འཕྲོས་ཀྱང་ད་དུང་འཇམ་དཔལ་བློ་ཤེར་འདྲ་བ་ངམ་གནག་དུག་གི་མཆེ་བས་བོད་མི་རིགས་ཀྱི་རིག་གཞུང་གི་བློ་སྙིང་ནང་རོལ་མྱུར་དུ་གྱུར་མིད་བྱེད་མཁན་དེ་འདྲ་ག་ཚད་ཡོད་པ་ཡིན་ནམ། ངོ་མ་ཤེས་མ་སོང་། གཉའ་གནོན་དང་བཤུ་བཞོག བཀས་བཀོད་དང་རྒྱུད་འཛིན་ཟེར་བ་དེ་ཇི་འདྲ་ཡིན་ནམ། དེ་ཚོའི་གོ་དོན་དེ་ཕྱི་ལ་ཡོད་པ་འདྲ་ལ་ནང་ལའང་ཡོད་པ་འདྲ། ཁོ་བོས་ད་དུང་དེ་ཚོའི་སྐོར་ལ་སློབ་སྦྱོང་གི་གནས་ཚད་ཀྱིས་འདང་མི་འདུག མྱུར་དུ་རེམ་དགོས། ཉམས་ཆུང་དབུལ་པོའི་ཁ་ནས་ཚིག་འདི་ཐལ།
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/15 12:38:51 | By: wifulfilling(སྐུ་མགྲོན) ]
 
wifulfilling(སྐུ་མགྲོན)འདིར་བཀོད་པ་དེ་འཇམ་དཔལ་བློ་ཤེས་ཀྱི་སྒྲ་སྡེར་ནས་བཅད་སྟེ་བཀོད་པ་དེ་རེད་་འདི༢༠༠༢ལོར་སྒྲ་བླུག་བྱས་པ་རེད་ཞེས་མཁས་དབང་འགས་གསུང་གི་འདུག
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/15 10:27:20 | By: triyungblog(སྐུ་མགྲོན) ]
 
triyungblog(སྐུ་མགྲོན)གྲོགས་པོ་ལགས།
འདི་བཞིན་བསྒྲགས་འགོད་གནང་བར་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱི་གློག་འཕྲིན་སྒམ་དུ་ཡི་གེ་ཞིག་བསྐུར་ཡོད་གཟིགས་གནང་ཞུ།
ཁྲི་གཡུང་དྲུང་བས།
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/15 1:24:01 | By: woser ]
 
woserའཇམ་བཞད་ཀྱིས་བོན་པོ་ནང་པ་མིན་པར་བཤད་ན་མིན་དགོས་པའི་ཁས་ལེན་ཐབས་རྡུགས་འཛིན་མཁན་འདིའི་རིགས་ལ་བླུན་པོ་ཆུ་སྣ་གར་ཁྲིད་དམ། ནམ་རྒྱུན་ཕྱོགས་ལྷུང་གི་རྣ་བ་ཅན་ཞེས་བཤད་ཀྱི་ཡོད་པས་ལོ་མང་རིང་ཕྱག་དཔེ་གཟིགས་པའི་འབྲས་བུ་གྲུབ་མཐའི་བར་ཆགས་སྡང་བྱེད་རྒྱུ་ཞིག་ཤེས་གདའ་མོད། སྤྱིར་དགེ་བཤེས་ཀྱི་མིང་ཞིག་ཁུར་ནས་བོད་གངས་ཅན་པའི་མི་རིགས་མཐུན་འབྲེལ་རྡོག་རོལ་དུ་གཏོང་བ་ནི་མི་འདིའི་རིགས་ལ་རྒྱབ་ལྗོངས་ཀྱི་དམིགས་ཡུལ་ཅི་ཞིག་ཡོད་ཆ་མ་འཚལ་བས་བོན་པོ་རྣམས་དང་ཕར་ཞོག་གདོང་དམར་བོད་ཀྱི་ལོ་རབས་ལ་ཐུགས་ཁུལ་ཆེ་བའི་བོད་མི་ཡོད་དོ་ཅོག་གིས་རྟག་ཏུ་མི་འདིའི་རིགས་ལ་དོ་སྣང་གནང་དགོས།
སྟོན་པ་སངས་རྒྱས་གཤེན་རབ་མི་བོས། གཞན་གཞུང་ལེགས་བསྟོད་རང་གཞུང་གཙོར་ལེན་པ། །ཚུལ་ཐབས་དེ་ཡིས་མཐོ་རིས་བདེ་ཆེན་ཐོབ། །གང་ཟག་བདུད་ཀྱིས་བསླུས་རྣམས་སྨད་ཀྱང་ཆོག །ཅེས་གསུངས་ཡོད་པ་ལྟར་དགག་བཞག་དང་གསལ་བཤད་ཅི་ཞིག་བྱ་དགོས་ཀྱང་དགོས་ངེས་རེད། གལ་སྲིད་གོ་བརྡ་འཕྲོད་ཀྱི་མི་འདུག་ན། གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོ་བཀའ་ལས་དབྱུགས་པ་བཙན། ཞེས་པ་ལྟར་ངོ་ཐུག་བྱ་ནས་ཐབས་ལམ་གཞན་ཞིག་ནས་བརྡ་ཞིག་གཏོང་དགོས་ཀྱི་རེད་དེ་མིན་བྱ་ཐབས་དབེན། །
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/14 20:49:36 | By: danzengyixi ]
 
danzengyixi

ལྷ་རམས་དགེ་མིང་འཛིན་མཁན་བློ་ཤེས་ཀྱིས། །
བོན་པོ་ཕྱི་པ་བོན་སྟོན་ཕྱིའི་སྟོན་པ། །
རྨོངས་འཐོམ་འགའ་ཡིས་དྲི་བ་དྲིས་ལན་ཚུལ། །
བཤད་པ་འདི་ནི་ཇི་འདྲའི་བློ་ཆུང་འགའ། །
རང་སེམས་རང་གསོ་ཙམ་ཞིག་ཅི་ལ་མིན། །
ཕྱི་ནང་སུ་ཡིན་རིག་ལམ་གཞོལ་ནས་ཤེས། །
ཕྱི་ནང་གང་འཇོག་རིས་མེད་གཞུང་ལ་ལྟོས། །
ཕྱི་ནང་གང་ཡིན་རིག་པའི་ཐོག་ནས་བསྒྲུབ། །
ཕྱི་ནང་ཤེས་པ་ཙམ་གྱིས་མི་ཆོག་ལ། །
ཁ་ནས་སྨྲ་བ་ཙམ་གྱི་ག་ལ་ཡོང་། །
ལུང་རིག་གཉིས་ཀྱི་ཐོག་ནས་བགྲོད་པ་ན། །
དེ་དུས་ཕྱི་ནང་དབྱེ་བ་དེ་ནས་འབྱེད། །
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/14 13:58:14 | By: སྐུ་མགྲོན་H41Og6(སྐུ་མགྲོན) ]
 
སྐུ་མགྲོན་H41Og6(སྐུ་མགྲོན)དུས་རབས་ཉེར་གཅིག་པའི་སྐབས་འདིར་མིའི་རིགས་ཀྱི་དམིགས་ཡུལ་གཅིག་པུ་དེ་ནི། ཞི་བདེ་དང་འཆམ་མཐུན་གྱི་སྲོག་རྩ་བརྟན་པོར་བཟུང་བའི་འོག །མི་རིགས་སུ་དང་གང་ཡིན་ནཡང་། རང་མི་རིགས་ཀྱི་རིག་གནས་དང་ཤེས་དཔལ་གཙིགས་སུ་འཛིན་ཏེ་དེ་ཉིད་མི་ཉམ་གོང་འཕེལ་དང་ཉམ་པ་སླར་གསོ་བྱེད་རྒྱུའི་འབད་བརྩོན་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་པའི་སྐབས་འདིར། སྐྱེས་པའི་ལྟེ་ཁྲག་གངས་རིའི་ལྗོངས་ནས་འཐོར་བའི་དགེ་འཇམ་དཔལ་བློ་ཤེས་ཟེར་བ་ཞིག་གིས། རབ་འབྱམས་ཤེས་བྱའི་གནས་ལུགས་ཇི་མ་ཇི་བཞིན་དུ་རྟོག་ཁུལ་རློམ་སྟེ། ཕྱི་ནང་གྲུབ་མཐའི་དབྱེ་འབྱེད་ཀྱི་གླེང་སློང་ལ་བརྟེན་ནས་བོན་པོའི་སྟོན་པ་ནི་ཕྱི་རོལ་པའི་སྟོན་པར་བཞགས་ན་འགྲིགས་ཞེས། ཁ་བ་གངས་ཅན་པའི་ཕ་ཆོས་ངོ་མ་མདོ་སྔགས་སེམས་གསུམ་མམ། ཕྱག་རྫོགས་དབུ་གསུམ་གྱི་ལྟ་གྲུབ་ཆ་ཚང་བའི་སངས་རྒྱས་གཡུང་དྲུང་བོན་གྱི་གྲུབ་མཐའ་འདི་ལ་ཁོ་པས་ཟེར་དོན། མཁས་པ་ཁག་གཅིག་གིས་བོན་ནི་ནང་པར་འདོད་ཀྱང་དོན་དུ་དེ་ལྟར་མིན་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ལས་བོན་ནི་ཕྱི་རོལ་པའི་གྲུབ་མཐར་བཞགས་འདུག་པས་བོན་སྟོན་གཤེན་རབ་ནི་ཕྱི་རོལ་བའི་སྟོན་པའི་མཚན་གཞི་བཞགས་ན་འགྲིགས་ཅེས། དངོས་སུམ་འཛེམས་མེད་ཀྱི་སྒོ་ནས་དེ་སྔོན་རྒྱལ་འཕགས་གོང་མ་སུ་དང་གོང་གིསམ་གཟིགས་ཤིག་ཁྱོད་ཀྱིས་ཐག་གཅོད་གནང་འདུག་མོད། དེར་འཕྲོས་ཁྱེད་ཀྱིས་ཀྱང་ཕྱི་ནང་གྲུབ་མཐའི་ལྟ་གྲུབ་དབྱེ་འབྱེད་ཁ་གསལ་ལ་གོ་བདེ་བ། དོན་གནད་ལ་ཁེལ་བ་ཞིག་དང་། ལྷག་དོན་དུ་ཁྱོད་ཀྱིས་རྒྱབ་བརྟེན་ལུང་གི་ཚད་མ་ཡིན་པའི་འཇམ་བཞད་ཀྱི་གྲུབ་མཐའི་དགོངས་དོན་དེའི་དཔེ་སྐྲུན་གྱི་མིང་བྱང་། དེ་དག་གི་ནང་དུ་བོན་པོ་ཕྱི་རོལ་པའི་སྒྲུབ་བྱེད་ཀྱི་གསལ་བཤད། མ་ཟད་འཇམ་བཞད་ཀྱི་དགོངས་གཞི་ཁྱད་པར་ཅན་དེ་ལ་ཁྱོད་ཀྱིས་དགོངས་འགྲེལ་ངོ་མཚར་ཅན་ཞིག་བཏགས་ཏེ་མཇལ་ཁ་གནང་རོགས་བོད་པའི་དགེ་བཤེས་ཆེན་མོ་བ་ལགས། རེ་དོན་ཆུང་ཆུང་དེས་ཁྱེད་ལ་སྐུ་ངལ་ཕྲན་བུ་བཟོས་ཡོད་ཀྱང་བཟོད་བསྲན་དགོས་པ་ལས་ཡ་ཡོ་དང་འགྱ་འགྱུར་གནང་ས་མེད་དོ། བཤད་མ་ཐག་པའི་གསུང་བྱིན་རླབས་ཅན་དེའི་ལུགས་གཉིས་ཀྱིས་འགན་འཁྲིན་ཡོངས་སུ་རྫོགས་པ། ཁྱོད་རང་གིས་བཞེས་དགོས་ཀྱིས་རེད་ལ་ཁྱོད་ཀྱིས་ཀྱང་དེ་དག་འདེགས་ཐུབ་པའི་གདེངས་ཚོད་ཡོད་ནས་བཤད་པ་རེད་མོད། ང་ཚོ་གོ་ལ་ཡོངས་ལ་གནས་པའི་བོན་པོ་ཚང་མས་རྒྱུ་མཚན་འདི་ནི་དཀར་ན་དཀར་བའི་མཐའ་ཞིག་དང་། ནག་ན་ནག་པའི་མཐའ་ཞིག་མ་ཆོད་བར་དུ་རང་གར་དུ་བཞགས་ཐབས་བྲལ་སོང་བས་ཞི་དྲག་ཀྱི་ཐབས་ཤེས་གང་འདྲ་ཞིག་བེད་སྤྱོད་བྱེད་དགོས་ཐུག་ནཡང་འགྱོད་པ་སྤུ་ཙམ་མེད་པ་དེ་དོན་ཐུགས་ལ་འཇག་པར་འཚལ། དཔེར་ན་ཞལ་གདམ་འདི་ནི་འཇམ་ཤེས་ཀྱི་ཞལ་ནས་གསུངས་པའི་གདམ་ངག་ཅིག་རེད་མ་གཏོགས། ཁོ་པའི་རྐུབ་ནས་ཐོན་པའི་སྟུག་དྲི་ཞིག་མིན་མོད། འཇམ་ཤེས་ནི་ལོ་རབས་མང་པོའི་རིང་ལ་རྒྱལ་བའི་གསུང་རབས་རིན་པོ་ཆེ་ལ་བློ་སྦྱོང་བྱས་པ་ཡིན་གྱིན་རེད་པ། ཡང་ན་ཁོ་པ་ནི་གྲུབ་མཐའི་ཆགས་སྡང་རྩོད་འཛིན་བྱེད་རྒྱུ་ལ་སྦྱོང་བརྩོན་བྱས་པ་ཞིག་དང་། དམིགས་བསལ་དུ་བོད་པའི་ལས་དབང་དང་། དེ་བཞིན་དུ་མདུན་ལམ་དམིགས་ཡུལ་མཐུན་སྒྲིལ་སོགས་རྩ་གཏོར་དུ་གཏོང་རྒྱུའི་ཤེས་བྱ་ཞིག་ལ་སྦྱོང་པ་མཐར་ཕྱིན་པ་ཞིག་ཨི་ཡིན་ནམ།
བོན་བཤེས་གཡུང་བསྟན་ནས།
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/14 13:46:40 | By: busang(སྐུ་མགྲོན) ]
 
busang(སྐུ་མགྲོན)ལྷ་རམས་པ་དེའི་ཁ་པར་ཨང་ཞིག་རེག་ཐབས་ཀྱིས་འདིར་བཀོད་ན་དགེ་མཚན་དང་ཐབས་ལམ་ཡག་ཤོས་རེད། དེ་མིན་རྔ་ཞོན་ལ་ཁྱིས་གཡེང་བ་ནང་བཞིན་རེད།
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/14 13:39:13 | By: གླག་མིག(སྐུ་མགྲོན) ]
 
གླག་མིག(སྐུ་མགྲོན)སྐྱག་རྫུན་རང་རེད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་རིན་ཕྲེང་ལ་མི་འདུག དེ་ནས་གྲུབ་མཐའ་གང་ན་་་་་་་་་་་་་་་་
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/14 13:19:05 | By: 668888k ]
 
668888kཀྱེེ། ཚེ་རབས་དུ་མར་བསོད་ནམས་བསགས་པའི་འབྲས་བུ་ལ་གྲུབ་མཐའི་སྙིང་པོ་སངས་རྒྱས་གཡུང་དྲུང་བོན་ལུགས་འདི་ཉིད་ང་ཚོའི་བསོད་སྐལ་དུ་ཐོབ་པའི་གོ་སྐབས་འདིར། དེ་ཉིད་འཛིན་སྐྱོང་སྤེལ་བའི་མཆེད་གྲོགས་རྣམས་པ། རྡོག་རྩ་གཅིག་ཏུ་སྒྲིལ་ཤོགས། དམ་མེད་རུ་ཏྲའི་ལོག་རྟོག་གཞིལ་དགོས་འདུག
གཡུང་བསྟན་ནས་འབོད་སྐུལ་ཞུའོ།
 
 
Re:ང་ཚོས་འདི་རིགས་ཡིན་འགྱུར་དགག་བཞག་བྱེད་དགོས་འདུག
[ 2011/11/14 12:45:56 | By: yongdrom ]
 
yongdromསྤེལ་བར་ཐུགས་རྗེ་ཆེ། ཁྱེད་བདག་གི་ཟིན་བྲིས་སུ་སྣེ་ལེན་ཞུ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.